e-texts navigator
Collection
Volume
Page
Wylie

316a1 གང་ཡིན་པ་དེ་ཉིད་དེ་དག་གི་ཤེས་རབ་དག་པོ་དང་།ཡེ་ཤེས་དགེ་བགྲངས་མེད་ཅིང་དཔག་ཏུ་མྱེད་པ་ཡིན།།དེ་ཅིའི་ཕྱིར་ཞེ་ན།འདི་ལྟ་སྟེ།འཇིག་རྟེན་གྱི་ཁམས་ཐམས་ཅད་དུ།
316a2 སེམས་ཅན་ཐམས་ཅད་ལྔ།ཟག་པ་མེད་པའི་ཤེས་རབ་བསྐྱེད་པར་འདོད་པ་དང་།མི་སློབ་པའི་ཤེས་རབ་བསྐྱེད་པར་འདོད་པ་དང་།ཟུག་པ་མེད་པའི་ཤེས་རབ་ཡང་དྲུག་པར
316a3 བསྐྱེད་པར་འདོད་པ་དང་།མི་སློབ་པའི་ཤེས་རབ་ཡང་དག་པར་བསྐྱེད་པར་འདོད་པ་དེ་ནི་ཤེས་རབ་དགེ་བ་དང་།ཡེ་ཤེས་དགེ་བ་ཐམས་ཅད་ཀྱི་མཆོག་ལྗིན་ནོ།།དེ་ནི་དམ་པ་ཡིན་པའི་ཕྱིར་རོ།།
316a4 ལག་བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ།ཡིད་བདེ་བ་དང་ལྡན་ཞིང་ཚེགས་ཆུང་ངུ་དང་།སྡུག་བསྔལ་ཆུང་ངུས་མྱུར་དུ་སྦྱིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས
316a5 རྫོགས་པར་བྱེད་དོ།།བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ནི།མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱའོ།།ཆོས
316a6 ཀྱིརྣམ་གྲངས་འདི་བཤད་པ་ན།ལྷ་དང་མིའི་སྐྱེ་དགུའི་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ཐེག་པ་གསུམ་དང་།མཐོ་རིས་སུ་སྐྱེ་བའི་དོན་བྱས་པར་གྱུར་ཏོ།།བཅོམ་ལྡན་འདས
316a7 ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་བཟངས་དང་།བྱང་ཆུབ་སེམས་དཔའ་དེ་དག།ཉན་ཐོས་ཆེན་པོ་དེ་དག་དང་།ལྷ་དང་མི་དང་།ལྷམ




iiif viewer powered by OpenSeadragon

315b - 316b

Texts on this page

N57 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo