e-texts navigator
Collection
Volume
Page
Wylie

315b1 པ་དང་།།ཡིད་ལ་བྱ་བར་འདོད་ངན་ཡང་།།སེམས་ཅན་ཐམས་ཅད་བསྒྲལ་བ་དང་།སེམས་ཅན་ཐམས་ཅད་དགྲོལ་བ་དང་།སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་།ཐམས་ཅད་མཁྱེན་པ་ཉིད་ཐོབ་པ།
315b2 བྱ་བ་དང་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ།།མངོན་སུམ་དུ་བྱེད་པ་དང་།ཡིད་ལ་བྱེད་པ་དང་།མངོན་སུམ་དུ་བྱས་པ་དང་།ཡིད་ལ་བྱས་ནས་ཀྱང
315b3 སེམས་ཅན་ཐམས་ཅད་བསྒྲལ་བ་དང་།སེམས་ཅན་ཐམས་ཅད་དགྲོལ་བ་དང་།སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་།ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་།སངས་རྒྱས་ཀྱི་ཆོས་ཐམས
315b4 ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངསུ་བསྔོ་བར་བྱེད་དོ།།གལ་ཏེ་ཤེས་རབ་དེ་དང་ཡེ་ཤེས་དེ་ལ་སློབ་པའི་ནུས་པ་དང་མི་ལྡན་པར་གྱུར་ན་དེ་འདི་ལྟར་ཡང་དག་པར་སློབ་སྟེ།དུས་དུས་སུ་འམ།
315b5 ཅུང་ཟད་ཅུང་ཟད་དུ་ཡང་འཆོལ་བའི་ཤེས་རབ་དང་།མི་ཤེས་པ་སྤང་བ་དང་།དོར་བ་དང་།བརྩལ་བར་རྩོལ་ལོ།།འབད་དོ།།དུས་དུས་སུ་འམ།ཅུང་ཟད་ཅུང་ཟད་དུའང་ཤེས་རབ་དང་།ཡེ་ཤེས་ལ་སློ
315b6 པ་དང་།མངོན་པར་འཕེལ་བར་བྱ་བ་དང་།ཡོངསུ་རྫོགས་པར་བྱ་བར་རྩོལ་ལོ།།འདོད་དོ།།སྲིད་པ་གཞན་དུ་ཀྱང་པ་ན་ཡང་ཞུམ་པར་མི་འགྱུར་ཞིང་།མྱིད་ཁྱོག་པར་མི་འགྱུར་རོ།།ལག་བཟངས་བྱང་ཆུབ
315b7 སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་།བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་།བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་།བྱང་ཆུབ་ཏུ་སྨོན་པ་དང་།བྱང་ཆུབ་ཏུ་སྨོན་ལམ་འདེབས་པ




iiif viewer powered by OpenSeadragon

315a - 316a

Texts on this page

N57 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo