e-texts navigator
Collection
Volume
Page
Wylie

315a1 ཡོངས་སྤྱད་པ་བགྱི་བར་ཤོག།འཇིག་རྟེན་དག་གི་ཁམས་རྣམས་ཐམས་ཅད་ཀྱི།།དཀན་མཆོག་གསུམ་དང་བྱང་ཆུབ་སེམས་དཔའ་ལ།།ན་མཁའ་མཉམ་པའི་ལྷ་ཡི་སྤྲོས་མཆོག
315a2 དང་།།ཕྲེང་བ་མེ་ཏོག་ཚུན་པོས་མཆོད་བྱེད་ཤོག།ལྷུན་པོ་མཉམ་པའི་གསེར་དང་དངུལ་དག་དང་།།གོས་དང་རིན་པོ་ཆེ་ཡི་ཕུང་པོ་དང་།།གཞལ་མེད་ཁང་བཅས་གཞོན་དང་མལ་ཆ་དང་།།
315a3 བཟའ་བ་མཐའ་ཡས་དག་ནི་སྦྱིན་པར་ཤོག།འགྲོ་བའི་བསམ་པ་ལམ་གྱིས་རྫོགས་བྱེད་ཅིང་།།སྐྱབས་དང་ལུས་དང་ཕ་འདྲར་གྱུར་པར་ཤོག།བཟོད་ལ་དགའ་ཞིང་ཚུལ་ཁྲིམས་གཙང
315a4 བ་དང་།།འགྲོ་ལ་ཆོས་ནི་རབ་ཏུ་སྟོན་གྱུར་ཅིག།བྱང་ཆུབ་ཐེག་པ་མཆོག་ནི་རྙེད་པ་དང་།།དཀོན་མཆོག་གསུམ་ཕྱིར་གོ་ཆ་སྲ་བ་བགྲོ།ཕ་རོལ་ཕྱིན་པ་ཡོངསུ་རྫོགས་བྱེད་ཅིང་།།སངས།།
315a5 རྒྱས་ཆོས་རྣམས་ཡོངསུ་རྫོགས་བྱེད་ཤོག།སྡིག་པ་ཀུན་དང་བྲལ་ཞིང་ལུས་ངག་དང་།།ཡིད་ཀྱི་ལས་མཐའ་དགེ་བ་མཆོག་གྱུར་ཅིག།བྱང་ཆུབ་ལས་ནི་མེ་ལོག་བདག་འགྱུར་ཞིང་།།
315a6 བྱང་ཆུབ་དགའ་དང་བྱང་ཆུབ་སེམས་དཔར་འགྱུར།།སྲིད་དང་སྲེད་པར་བྱང་ཆུབ་སེམས་དཔའ་དང་།།སངས་རྒྱས་རྣམས་ཀྱི་དགེ་བ་ཀུན་ལ་སློབ།།བདག་གི་ཆོས་རྣམས་དེ་དག་ཀུན་ལ་ཡང
315a7 འཇིག་རྟེན་ཐམས་ཅད་རབ་ཏུ་དགོད་པར་བགྱི།།དེ་དེ་ལྟར་ནི་བདག་དང་གཞན་དག་གི།དགེ་བའི་རྩ་བ་བསགས་པ་རབ་ཏུ་ཤེས།།དེ་ཤེས་རབ་དེ་དང་།ཡེ་ཤེས་མངོན་སུམ་དུ་བྱ་བར་འདོད




iiif viewer powered by OpenSeadragon

314b - 315b

Texts on this page

N57 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo