e-texts navigator
Collection
Volume
Page
Wylie

310a1 པར་བྱེད་དོ།།མ་འོངས་པའི་དུས་ཀྱི་བདག་གི་དགེ་བའི་རྩ་བ་རྣམས་དང་།བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་།བྱང་ཆུབ་ཏུ་སྨོན་པ་དང་།བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་ཡང་འདུན་པ་དྲག
310a2 པོ་དང་།དགའ་བ་དྲག་པོ་དང་།དད་པ་དྲག་པོས་སེམས་ཅན་ཐམས་ཅད་བསྒྲལ་བ་དང་།སེམས་ཅན་ཐམས་ཅད་དགྱེལ་པ་དང་།སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་།ཐམས་ཅད་མཁྱེན
310a3 པ་ཉིད་ཐོབ་པར་བྱ་བ་དང་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདོད་དོ།།སྨོས་སོ།།ཡིད་ཀྱིས་སྨོན་ནོ།།ད་ལྟར་བྱུང་བའི་བདག་གི་དགེ་བའི་སེམས་ཀྱི་རྒྱུན་དང་།དགེ
310a4 བའི་སེམས་ཀྱི་རྒྱུད་ཀྱང་སེམས་ཅན་ཐམས་ཅད་དགྲལ་བ་དང་།སེམས་ཅན་ཐམས་ཅད་དགྲོལ་བ་དང་།སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་།ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ
310a5 དང་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྟག་པར་རྒྱུན་ཏུ་མི་འདོར་རོ།།ཉམས་པར་མི་བྱེད་དོ།།བརྗེད་པར་མི་བྱེད་དོ།།བག་མེད་པར་མི་བྱེད་དོ།།གང་འངས
310a6 པའི་ཕུང་པོ་དྲུང་།ཁམས་དང་།སྐྱེ་མཆེད་ནི་འདས་པ།འགེགས་པ།མེད་པ་ཡོད་པ་མ་ཡིན་པ་སྟེ།དེ་ནི་ད་ལྟར་བདག་མེད་པ།བདག་གི་མེད་པའོ་མ་འོངས་པའི་ཕུང་པོ་དང་།ཁམ་ས་དང་།
310a7 སྐྱེ་མཆེད་དེ་ནི་མ་སྐྱེས་པ།མ་བྱུང་བ།ཡོད་པ་མ་ཡིན་པ་སྟེ།དེ་ནི་དེ་ལྟར་བདག་མེད་པ།བདག་གི་མེད་པའོ།།གང་ད་ལྟར་བྱུང་བའི་དུས་ཀྱི་ཕུང་པོ་དང་།ཁམས་དང་།སྐྱེ་མཆེད་དེ་ནི་མི




iiif viewer powered by OpenSeadragon

309b - 310b

Texts on this page

N57 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo