| | e-texts navigator
|
308a1 མ་རིག་པ་ཞེས་བྱའོ།།གང་ཅུང་ཟད་ལུས་དང་ངག་དང་།ཡིད་ཀྱི་ལས་བསོད་ནམས་སུ་ཉེ་བར་འགྲོ་བ་འམ།བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་འམ།མི་གཡོ་བ
308a2 ཉེ་བར་འགྲོ་བ་འམ།འདོད་པའི་ཁམས་སུ་ཉེ་བར་འགྲོ་བ་འམ།གཟུགས་ཀྱི་ཁམ་སུ་ཉེ་བར་འགྲོ་བ་འམ།གཟུགས་མེད་པའི་ཁམ་སུ་ཉེ་བར་འགྲོ་བ་དེ་དག་ནི་འདུ་བྱེད་རྣམས་ཤེས་བྱ
308a3 གང་ཆུང་ཟད་དེ་ལས་བྱུང་བ་སེམས་ཤེས་བྱ་བ་དང་།ཡིད་ཅེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ཞེས་བྱའོ།།དེ་ལས་བྱུང་བ་གང་ཅི་ཡང་རུང་དེ་ལས་བྱུང་བ་ཚོར་བ་དང་།འདུ་ཤེས་དང
308a4 སེམས་པ་དང་།རེག་པ་དང་།ཡིད་ལ་བྱེད་པ་དེ་ནི་མིང་ཞེས་བྱའོ།།གང་ཅི་ཡང་རུང་ལྷན་ཅིག་བྱུང་བ་མེར་མེར་པོ་གཟུགས་དང་།བརྫུས་ཏེ་བྱུང་བའི་གཟུགས་དང་།རྣམ་པར
308a5 རིག་བྱེད་ཀྱི་གཟུགས་དེ་ནི་གཟུགས་ཤེས་བྱ་སྟེ།དེ་གཉིས་ནི་མིང་དང་གཟུགས་ཞེས་བྱའོ།།དེ་ལས་བྱུང་བ་མིག་དང་།རྣ་བ་དང་།སྨ་དང་།ལྕི་དང་།ལུས་དང་།ཡིད་དེ་ནི་སྐྱེ
308a6 མཆོད་དྲུག་ཅེས་བྱའོ།།མིག་ལ་རྟེན་ཅིང་གཟུགས་ལྔ་ཡང་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་འབྱུང་བ་དང་།གསུམ་འདུས་པ་ནི་རིག་པའོ།།རྣ་བ་དང་།སྣ་དང་།ལྕེ་དང་།།
308a7 ལུས་དང་།ཡིད་དང་།ཆོས་རྣམས་ལ་བརྟན་ཏེ།ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་དང་།གསུམ་འདུས་པ་ནི་རེག་པ་སྟེ།དེ་ནི་རེག་པ་ཞེས་བྱའོ།།དེ་ལས་བྱུང་བ་བདེ་བ་འམ།
iiif viewer powered by OpenSeadragon
307b - 308b