e-texts navigator
Collection
Volume
Page
Wylie

305b1 བྱེད་པ་དེ་ནི་ཡ་དེ།གང་ཅི་ཡང་ཡོད་པ་དང་།དེ་བཞིན་དུ་རྣ་བས་རྣམ་པར་ཤེས་པདྨ་བྱཱ་བ་སྠཱརྣ་མས་དང་།སྣས་རྣམ་པར་ཤེས་པར་བྱ་བ་དྲི་རྣམས་དང་།ལྷས་རྣམ་པ་ཤེས་པར་བྱ་བ་རོ་རྣམས་དང་།ལུས།
305b2 ཀྱི་རྣམ་པར་ཤེས་པར་བྱ་བ་རེག་བྱ་རྣམས་དང་།ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་ཕྱིའི་སྐྱེ་མཆེད་ལ་ཡང་།སྐྱབས་མོད་པ་དང་།མགོན་མེད་པ་དང་།སྟོབས་མེད་པ་དང་།ཉམས་ཆུང་བ་སྟེ།།
305b3 དེ་ལ་རྟག་པ་འམ།བརྟེན་པའམ།ཐེར་ཟུག་པ་འམ།དེ་བཞིན་ཉིད་དམ།མ་ནོར་བ་དེ་བཞིན་ཉིད་དམ།གཞན་མ་ཡིན་པ་དེ་བཞིན་ཉིད་ནི་གང་ཡང་མེད་ཀྱི།སྒྱུ་མ་དེ་ནི་ཡོད།སྒྱུ་མར་བྱས་པ་དེ་ནི་ཡོད།
305b4 སེམས་རྨོངས་པར་བྱས་པ་དེ་ནི་ཡོད་དེ།གང་ཅི་ཡང་ཡོད་པར་ཕྱིའི་སྐྱེ་མཆེད་དྲུག་པོ་དེ་ལྟར་རབ་ཏུ་ཤེས་སོ།།དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་།མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ནི།འཕགས་པའི
305b5 བདེན་པ་བཞི་རབ་ཏུ་ཤེས་སོ།།བཞི་གང་ཞེ་ན།སྡུག་བསྔལ་འཕགས་པའི་བདེན་པ་དང་།སྡུག་བསྔལ་ཀུན་འབྱུང་བ་དང་།སྡུག་བསྔལ་འགོག་པ་དང་།སྡུག་བསྔལ་འགོག་པར་འགྲོ་བའི
305b6 ལམ་འཕགས་པའི་བདེན་པ་ཞེས་བྱ་བ་འཕགས་པའི་བདེན་པ་བཞི་པོ་དེ་དག་གོ།།ཕུང་པོ་ལྔ་རྣམས་དང་།ཁམས་དྲུག་པོ་དག་དང་།ནང་གི་སྐྱེ་མཆེད་དྲུག་པོ་དག་དག་ཕྱིའི་སྐྱེ་མཆེད་དྲུག་པོ་དགག་པའི
305b7 བདེ་ནི་སྡུག་བསྔལ་ཞེས་བྱ་སྟེ།སྡུག་བསྔལ་དེ་ནི་མི་རྟག་པ་དང་།སྡུག་བསྔལ་བ་དང་།ནད་དང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།བདག་མེད་པ་དང་།རབ་ཏུ་འཇིག་པའི་ཆོས་ཉིད




iiif viewer powered by OpenSeadragon

305a - 306a

Texts on this page

N57 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo