| | e-texts navigator
|
304a1 ཁམས་པ་ནི་པ་དེ་དག་སྟེ།དེ་ལྟར་ཁམས་བཞི་རབ་ཏུ་ཤེས་སོ།།གཞན་ཡང་ཁམས་དྲུག་རབ་ཏུ་ཤེས་ཏེ།དྲུག་གང་ཞེ་ན།འདོད་པའི་ཁམས་དང་།གནོད་སེམས་ཀྱ་འདྲ།།
304a2 དང་།རྣམ་པར་འཚེ་བའི་ཁམས་དང་།མངོན་པར་འབྱུང་བའི་ཁམས་དང་།གནོད་སེམས་མེད་པའི་ཁམས་དང་།རྣམ་པར་འཚེ་བ་མེད་པའི་ཁམས་ཏེ།ཁམས་དྲུག་པོ་དེ་དག་རབ་ཏུ།
304a3 ཤེས་སོ།།གཞན་ཡང་ཁམས་དྲུག་རབ་ཏུ་ཤེས་ཏེ།དྲུག་གང་ཞེ་ན།སའི་ཁམས་དང་།ཆུའི་ཁམས་དང་།མེའི་ཁམས་དང་།རླུང་གི་ཁམས་དང་།ན་མཁའི་ཁམས་དང་།རྣམ་པར
304a4 ཤེས་པའི་ཁམས་ཏེ།ཁམས་དྲུག་པོ་དེ་དག་རབ་ཏུ་ཤེས་སོ།།དེ་ལ་སའི་ཁམས་ནི་མི་རྟག་པ།མི་བརྟན་པ།འགྱུར་བའི་ཆོས་ཙནྡ་ཏེ།མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བའོ།།
304a5 དྲུག་བསྔལ་བ་གང་ཡིན་པ་དེ་བདག་མེད་པའོ།།དེ་བཞིན་དུ་ཆུའི་ཁྲིམས་དང་།མེའི་ཁམས་དང་།རླུང་གི་ཁམས་དང་།ན་མཁའི་ཁམས་དང་།རྣམ་པར་ཤེས་པའི་ཁམས་ཀྱང་མི
304a6 བྱ་པ།མི་བརྟན་པ།འགྱུར་བའི་ཆོས་ཅན་ཏེ།མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བའོ།།སྡུག་བསྔལ་བ་གང་ཡིན་པ་དེ་བདག་མེད་པ་སྟེ།དེ་ལྟར་ཁམས་དྲུག་རབ་ཏུ་ཤེས་སོ།།
304a7 དཆོས་དེ་དག་ཉན་ཅིང་འཛིན་པ་དང་།མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན།གཟུགས་ཀྱི་ཕུང་པོ་དང་།ཚོར་བའི་ཕུང་པོ་དང་།འདུ་ཤེས་ཀྱི་ཕུང་པོ་དང་།འདུ་བྱེད་ཀྱི་ཕྲེང་པོ་དང་།རྣམ
iiif viewer powered by OpenSeadragon
303b - 304b