| | e-texts navigator
|
302b1 དྲར་འདུ་ཤེས།སྲོག་ཕྱོགས་པར་འདུ་ཤེས།ཆོས་ཀྱི་ཡོན་ཏན་མང་དུ་བྱེད་པ་ལ་ནི་སྲོག་དན་ཡོད་པར་འདུ་ཤེས།ཆོས་ལ་ཡོང་སུ་རྟོག་པ་ལ་ནི་ཚེ་རབས་བརྒྱར་མི་རྙེད་པར་འདུ་ཤེས་ཉེ་བར་གནས་པ
302b2 ཡིན་ཏེ།དེ་ཆོས་དེདག་ཉན་ཅིང་འཛིན་ལ།མང་དུ་བྱེད་ཅིང་ཡོངསུ་རྟོག་པ་ན།ཁམས་རྣམས་ཀྱང་རབ་ཏུ་ཤེས།ཕུང་པོ་རྣམས་དང་།སྐྱེ་མཆེད་རྣམས་དང་།འཕགས་པའི་བདྲེན་པ་རྣམས་དང་།
302b3 རྟེན་ཅིང་འབྲེལ་པར་འབྱུང་བ་དང་།དུས་དང་ཐེག་པ་རྣམས་དང་།དགེ་བ་བསགས་པ་ཡང་རབ་ཏུ་ཤེས་སོ།།ཁམས་རྣམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན།ཁམས་ནི་གཉིས་ཏེ།འདུས་བྱས
302b4 དང་འདུས་མ་བྱས་ཤེས་བྱ་བ་སྟེ།ཁམས་གཉིས་པོ་དེ་དག་གོ།།འདུས་བྱས་ཀྱི་ཁམས་ནི་གང་།འདུས་མ་བྱས་ཀྱི་ཁམས་ནི་གང་ཞེ་ན།གང་ཅི་ཡང་རུང་སྟེ།སྐྱེ་བ་དང་།གནས
302b5 པ་དང་།འགོག་པ་འདི་ནི་འདུས་བྱས་ཀྱི་ཁམས་ཤེས་བྱའོ།།གང་ཅི་ཡང་རུང་སྟེ།སྐྱེ་བ་མེད་པ་དང་།གནས་པ་མེད་པ་དང་།འགག་པ་མེད་པ་དེ་ནི་འདུས་མ་བྱས་ཀྱི་ཁམས་ཤེས
302b6 བྱ་སྟེ།དེ་ལྟར་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་རབ་ཏུ་ཤེས་སོ།།གཞན་ཡང་ཁམས་གསུམ་རབ་ཏུ་ཤེས་ཏེ།དག་པའི་ཁམས་དང་།མི་དགེ་བའི་ཁམས་དང་།ལུང་དུ་མ
302b7 སྟོན་པའི་ཁམས་ཏེ།ཁམས་གསུམ་པོ་དེ་དག་གོ།།དགེ་བའི་ཁམས་ནི་གང་།མི་དགེ་བའི་ཁམས་ནི་གང་།ལུང་དུ་མ་སྙན་པའི་ཁམས་ནི་གང་ཞེ་ན།གང་ཅི་ཡང་རུང་སྟེ་ཆགས
iiif viewer powered by OpenSeadragon
302a - 303a