| | e-texts navigator
|
302a1 ལ།ཡིད་བདྲེ་བ་དང་ལྡན་ཞིང་ཚེགས་ཆུང་ངུ་དང་།སྡུག་བསྔལ་ཆུང་ངུས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།།ལག་བཟངས་བྱང་ཆུབ
302a2 སེམས་དཔའ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་པ་ཡོངསུ་རྫོགས་པར་བྱེད་ཅེ་ན།ལག་བཟངས་འདི་ལ་བྱང་ཆུབ་སེམས་དཔའ་ནི་མདུང་ཐུང་དག་གི་བཟློག་ཀྱང་།གང་ཟག་གདོ་དག
302a3 ཐོས་པ་མང་བ།ཐོས་པ་འཛིན་པ།ཐོས་པ་བསགས་པ།དོན་ཤེས་པ།བཤད་པ་ཤེས་པ།དཔྱོད་པ་ཅན་ཇི་ལྟར་ཐོས་པའི་དོན་ལ་ཡོངས་སུ་རྟོག་པ།དེ་དག་ལ་བསྙེན་ཅིང
302a4 བརྟེན་ཏེ།བསྙེན་བཀུར་བྱེད་དོ།།དེ་ཐོས་པའི་ཆེད་དང་།བཤད་པའི་ཚད་དང་།དོན་གྱི་ཚད་དང་།དོན་ལ་ཡོངས་སུ་རྟོག་པའི་ཆེད་དང་།སློབ་དཔོན་དང་།མཁན་པོ་ལ་བསྙེན་བཀུར
302a5 བྱེད་པའི་ཆེད་ལ།གྲང་བ་ཡང་ཁྱད་དུ་གསོད།ཚྭ་བ་དང་།བཀྲེས་པ་དང་།སྐོམ་པ་དང་།ཤ་སྦྲང་དང་།སྦྲང་བུ་དང་།རླུང་དང་།ཉི་མ་དང་སྡིག་སྦྲུལ་གྱིས་རག་པ་དང་།གཞན
302a6 གྱིས་དྲན་དུ་སྨྲས་ཤིང་།ངན་དུ་བརྗོད་པ་འཆག་གི་ལམ་དང་།ལུས་ཀྱི་ཚོར་བ་དྲག་པ།རྩུབ་པ།མི་བཟོད་པ།སྲོག་འཚེད་པར་འགྱུར་བ་ཡང་ཁྱད་དུ་གསོད་དོ།།དེ་ཆོས་རྣམས
302a7 ལ་ནི་རིན་པོ་ཆེའི་འདུ་ཤེས་ཉེ་བར་གནས།ཆོས་སྨྲ་བ་རྣམས་ལ་ནི་རིན་པོ་ཆེའི་གཏེར་དུ་འདུ་ཤེས།ཆོས་ཉན་པ་ལ་ནི་དཀོན་པ་རྙེད་པར་འདུ་ཤེས།ཆོས་འཛིན་པ་ལ་ནི་དོན་ཡོད།
iiif viewer powered by OpenSeadragon
301b - 302b