| | e-texts navigator
|
300b1 སར་བསྒྲུབས་ཏེ་གནས་སོ།།དེ་ཆུ་དང་མེ་དང་རླུང་དང་།སྔོན་པོ་དང་།སེར་པོ་དང་།དམར་པོ་དང་།དཀར་པོ་དང་།ན་མཁའ་དང་རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་མཚན་མར་ཡིད་ལ་བྱེད་པས་ཟད
300b2 པར་ཆུ་དང་།ཟད་པར་མེ་དང་།ཟད་པར་རླུང་དང་།ཟད་པར་སྔོན་པོ་དང་།ཟད་པར་སེར་པོ་དང་།ཟད་པར་དམར་པོ་དང་།ཟད་པར་དཀར་པོ་དང་།ཟད་པར་ན་མཁའ་དང་།ཟད་པར་རྣམ་པར
300b3 ཤེས་པ་བསྒྲུབས་ཏེ་གནས་སོ།།དེ་སྙོམས་པར་འཇུག་པ་ན་དགེ་བའི་རྩ་བ་ཐམས་ཅད་ལ་དམིགས་པ་ལ་སེམས་ཉེ་བར་འདོགས་ཏེ།སྙིང་རྗེ་ཆེན་པོ་ལ་དམིགས་པ་དང་དམ་པའི་ཆོས་ཡོངས
300b4 སུ་བཟུང་བ་ལ་དམིགས་པ་དང་དཀོན་མཆོག་གསུམ་གྱི་རིསྡེས་མ་འཆད་པར་བྱ་བ་ལ་དམིགས་པ་དང་།སངས་རྒྱས་ཀྱི་སྐུ་དང་རྒྱན་ལ་དམིགས་པ་དང་།སངས་རྒྱས་ཀྱི་གསུངས་ཚངས
300b5 པའི་དབྱངས་ལ་དམིགས་པ་དང་།སྔོན་གྱི་སྨོན་ལམ་ལ་དམིགས་པ་དང་།སེམས་ཅན་ཐམས་ཅད་ཡོངསུ་སྨིན་པར་བྱ་བའི་དམིགས་པ་དང་།འཇིག་རྟེན་རྣམ་པར་སྦྱང་བ་ལ་དམིགས་པ
300b6 དང་།བྱང་ཆུབ་ཀྱི་སྙིང་པོའི་བཀོད་པ་ལ་དམིགས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དམིགས་པ་དང་།སེམས་ཅནྡ་ཐམས་ཅད་ཀྱི་ཉོན་མོངས་པ་གཞོམ་པ་ལ་དམོགས་པ་ལྔ་སེམས་ཏེ།
300b7 བར་འདོགསོ།།དེ་བསམ་གཏན་བྱེད་པ་ན་རྣམ་པར་ཤེས་པའི་གནས་བཞི་དང་བྲལ་བར་བསམ་གཏན་བྱེད་དོ།།སའི་ཁམས་ལ་མི་གནས།ཆུའི་ཁམས་ལ་མི་གནས།མེའི་ཁམས་ལ
iiif viewer powered by OpenSeadragon
300a - 301a