e-texts navigator
Collection
Volume
Page
Wylie

300a1 བསྒྲུབས་ཏེ་གནས་སོ།།དེ་ཤི་བཱིའི་ལུས་བསྲེགས་པ་དེ་ལ་རླུང་ངམ་ཆུས་ཐལ་བ་ཡང་མེད་པ་དེ་བྱེད་པའི་འདུ་ཤེས་དང་།ཞིབས་པ་ལ་ཕྱེ་མ་ཡང་མེད་པ་དང་།རྡུལ་དུ་གྱུར།།
300a2 པ་ལ་རྡུལ་ཀྱང་མེད་པའི་འདུ་ཤེས་སུ་རྣམ་པར་འཇིག་པ་བསྒོམ་ཤིང་བསྒྲུབས་ཏེ།ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུ་རུ་ཁ་དོག་བཟང་པོ་དང་།ཁ་དོག་ངན
300a3 པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པ་བསྒྲུབས་ཏེ་གནས་སོ།།དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས
300a4 ཚད་མེད་པ་ཁ་དོག་བཟང་པོ་དང་།ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པ་བསྒྲུབས་ཏེ་གནས་སོ།།དེ་དེ་བཞིན་དུ་ནང་གཟུགས
300a5 མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཚད་མེད་པ་ཡིད་དུ་འོང་བ་རྣམས་ལ་མཚན་མེར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པ་བསྒྲུབས་ཏེ་གནས་སོ།།
300a6 དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་དང་།དམར་པོ་དང་དཀར་པོ་ཚད་མེད་པ་ཡིད་དུ་འོང་བ་རྣམས་ལ་མཚན་མར་ཡིད་ལ་བྱེད
300a7 པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པ་དང་།བདུན་པ་དང་།བརྒྱད་པ་བསྒྲུབས་ཏེ་གནས་སོ།།དེ་ས་འདི་མཐའ་ཡས་སོ་ཞེས་མཚན་མར་ཡིད་ལ་བྱེད་པས་ཟད་པར




iiif viewer powered by OpenSeadragon

299b - 300b

Texts on this page

N57 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo