e-texts navigator
Collection
Volume
Page
Wylie

299b1 ལ་ཡང་རྒྱུན་ཐུང་བའི་འདུ་ཤེས་དང་།རྒྱུན་རྙིང་བ་རྣམས་ལ་ཡང་རྒྱུན་རིང་བའི་འདུ་ཤེས་ཡོད་ལ་བྱེད་པས་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་བསྒྲུབས་ཏེ་གནས་སོ།།དེ་སེམས་ཅན་གྱི་ལུས་རྣམས
299b2 ལ་མི་སྡུག་པའི་མཚན་མ་ཡིད་ལ་བྱེད་པས་མི་སྡུག་པའི་འདུ་ཤེས་བསྒྲུབས་ཏེ་གནས་སོ།།ད་འཆི་བའི་མཚན་མ་ཡིད་ལ་བྱེད་པས་འཆི་བའི་འདུ་ཤེས་བསྒྲུབས་ཏེ་གནས་སོ།།དེན་པ་དང་རྒ་བའི
299b3 མཚན་མ་ཡིད་ལ་བྱེད་པས་ཉེས་དམིགས་ཀྱི་འདུ་ཤེས་བསྒྲུབས་ཏེ་གནས་སོ།།དེ་ཁ་ཟས་ཡོངས་སུ་ཚོལ་བ་དང་འགྱུར་བ་ལ་ནད་ཀྱི་རྒྱུ་དང་གནོད་པའི་རྒྱུར་ཡིད་ལ་བྱེད་པས་ཁ་ཟས་ལ་མི
299b4 མཐུན་པའི་འདུ་ཤེས་བསྒྲུབས་ཏེ་གནས་སོ།།དེ་ཁྱིམ་དང་གྲོང་དང་གྲོང་ཁྱེར་དང་།ལྗོངས་ཀྱི་འཇིག་རྟེན་ཐམས་ཅད་ལ་འབྱོར་པ་དང་འབྲེལ་བའི་མཚན་མར་ཡད་ལ་བྱེད་པ་དང་།ནགས་ཚལ
299b5 རྨད་དུ་བྱུང་བ་དང་།ཀུན་དགའ་ར་བ་རྨད་དུ་བྱུང་བ་དང་བྲལ་བའི་མཚན་མར་ཡིད་ལ་བྱེད་པས་འཇིག་རྟེན་ཐམས་ཅད་མངོན་པར་མི་དགའ་བའི་འདུ་ཤེས་བསྒྲུབས་ཏེ་གནས་སོ།།དེ་ནང
299b6 གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུ་ངུ་ཁ་དོག་བཟང་པོ་དང་།ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲང་པོ་བསྒྲུབས་ཏེ་གནས
299b7 དེནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་གཞན་མེད་པ་ཁ་དག་བཟང་པོ་དང་།ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོད་པའི་སྐྱེ་མཚོ་དེ་གཉིས་པ




iiif viewer powered by OpenSeadragon

299a - 300a

Texts on this page

N57 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo