e-texts navigator
Collection
Volume
Page
Wylie

257a1 །བྱིན་པ་འཇིགས་པ་མེད་དོ།།ཆོས་ཐམས་ཅད་བག་ཚ་བ་མེད་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བག་ཚ་བ་མེད་དོ།།ཆོས་ཐམས་ཅད་རོ་གཅིག
257a2 པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་གོ།ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་དོ།།ཆོས་ཐམས་ཅད་འགག་པ་མེད་པའི
257a3 ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་དོ།།ཆོས་ཐམས་ཅད་ན་མཁའ་ལྟ་བུའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཁའ་ལྟ་བུའོ།།གཟུགས་མུ་མེད་པའི་ཕྱིར།ཤེས།
257a4 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ།།དེ་བཞིན་དུ་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་མུ་མེ་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ།།སའི
257a5 ཁམས་མུ་མེད་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དེ།།དེ་བཞིན་དུ་ཆུའི་ཁམུས་དང་།མེའི་ཁམས་དང་།རླུང་གི་ཁམོས་དང་།ན་མཁའི་ཁམས་དང་།རྣམ་པར་ཤེས་པའི།།
257a6 ཁམས་མུ་མེད་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ།།རི་རབ་མུ་མེད་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ།།རྒྱ་མཚོ་མུ་མེད་པའི་ཕྱིར།ཤེས་རབ་ཀྱི་ཕ
257a7 རོལ་ཏུ་ཕྱིན་པ་མུ་མེད་དོ།།རྡོ་རྗེ་མཉམ་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉ་མོ།།ཆོས་ཐམས་ཅད་དབྱེར་མེད་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱེར་མེད་དོ།།ཆོས་ཏེ




iiif viewer powered by OpenSeadragon

256b - 257b

Texts on this page

N23 - 'phags pa shes rab kyi pha rol tu phyin pa kau shi ka zhes bya ba