| | e-texts navigator
|
256b1 པར་ཡང་མ་ཡིན།བླང་ཤང་ཡང་མ་ཡིན།དོར་བར་མ་ཡིན།བསྣན་པར་མ་ཡིན།བསྣན་པ་མེད་པར་མ་ཡིན།ཀུན་ནས་ཉོན་མོངས་པར་མ་ཡིན།ཀུན་ནས་ཉོན་མོངས་པ་མ་ཡིན་པར་ཡང་མ
256b2 ཡཱིན།རྣམ་པར་བྱང་བ་མ་ཡིན།རྣམ་པར་བྱང་བ་ཡང་མ་ཡིན་པ་ཡང་མ་ཡིན།སྤང་བར་མ་ཡིན།སྤང་བར་མ་ཡིན་པར་ཡང་མ་ཡིན།།གནས་སུ་མ་ཡིན།གནས་མ་ཡིན་པ་ཡང་མ
256b3 ཡིན།སྦྱོང་བར་མི་ཡིན།སྤྱོད་པར་མ་ཡིན་པར་ཡང་མ་ཡིན།འབྲེལ་བར་མ་ཡིན།འབྲེལ་པ་མ་ཡིན་པར་ཡང་མ་ཡིན།རྐྱེན་དུ་མ་ཡིན།རྐྱེན་མ་ཡིན་པར་ཡང་མ་ཡིན།ཆོས་སུ་མ་ཡིན།།།
256b4 ཆོས་མ་ཡིན་པར་ཡང་མ་ཡིན།།དེ་བཞིན་ཉིད་མ་ཡིན།དེ་བཞིན་ཉིད་མ་ཡིན་པར་ཡང་མ་ཡིན།ཡང་དག་པའི་མཐའ་མ་ཡིན།ཡང་དག་པའི་མཐའ་མ་ཡིན་པར་ཡང་མ་ཡིན་ནོ།།
256b5 ཤྲཱི་ཀ་དེ་བཞིན་དུ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ལྟ་སྟེ།ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མཉམ་མོ།།ཆོས་ཐམས་ཅད་ཟབ་པའི་ཕྱིར།
256b6 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།།ཆོས་ཐམས་ཅད་དབེན་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ནོ།།ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ
256b7 ཕྱིན་པ་གཡོ་བ་མེད།།ཆོས་ཐམས་ཅད་རློམ་སེམས་མེད་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་མེད་དོ།།ཆོས་ཐམས་ཅད་འཇིགས་པ་མེད་པའི་ཕྱིར།ཤེས་རབ་ཀྱི་ཕ་རོལ་ཏུ
iiif viewer powered by OpenSeadragon
256a - 257a