e-texts navigator
Collection
Volume
Page
Wylie

251b1 དང་།རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་སྒོམ་པ་དང་།རབ་ཏུ་བརྟག་པར་བྱ་བ་མ་ཡིན་པ་དང་།རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་།གཞི་མེད་པ་དང་།མཚན་ཉིད་མེད་པ་དང་།བརྟག
251b2 པར་བྱ་བ་མ་ཡིན་པ་དང་།རིག་པར་བྱ་བ་མ་ཡིན་པ་དང་།ཐོག་མ་དང་ཐ་མ་འཇིག་པ་མེད་པར་མཛད་པ་དང་།གྲཝ་ཡོ་བ་མེད་པར་མཛད་པ་དང་།གཉིས་མེད་པ་དང་།གཱཉིས་མེད་པ་མ
251b3 ཡིན་པ་དང་།ཞི་བ་དང་།བློ་འཇུག་པ་རྣམ་པར་སྤངས་པ་དང་།གཉེན་པོ་མེད་པ་དང་།མ་གོས་པ་དང་།ན་མཁའི་ལམ་དང་འདྲ་བ་དང་།ཡོད་པ་དང་མེད་པར་རྗོད་པ་མ་ཡིན་པ་དང་།རྨི་ལ།།
251b4 གྱི་ངོ་བོ་ཉིད་དང་།སྒྱུ་མ་ལྟ་བུའི་ཆོས་ཉིད་དང་།འགལ་མ་བསྐོར་བ་དང་འདྲ་བ་དང་།ཆོས་ཐམས་ཅད་རོ་གཅིག་པ་ཉིད་དོ།།སུ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད
251b5 པ་འདི་འདོན་པ་དེ་ངན་སོང་ཐམས་ཅད་ལས་རབ་ཏུ་ཐར་བར་འགྱུར་རོ།།སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དགོངས་པར་འགྱུརརོ།།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་རྟག་པར་རྒྱུན་དུ་བསྲུང
251b6 བ་དང་།སྐྱོབ་པ་དང་སྦེད་པ་བྱེད་པར་འགྱུར་རོ།།དེའི་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་བྱའོ།།བཅོམ་ལྡན་འདས་མུ་འཕགས་མ་ཤེས་རབ་ཀྱི་ཕ་རོལ
251b7 ཏུ་ཕྱིན་མ།མོས་པ་ལ་བྱས་མ།ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་མ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་མཁྱེན་པ་ཉིད།སངས་རྒྱས་དང་བྱང་ཆུབ་སེམས




iiif viewer powered by OpenSeadragon

251a - 252a

Texts on this page

N20 - 'phags pa shes rab kyi pha rol tu phyin pa'i mtshan brgya rtsa brgyad pa zhes bya ba