| | e-texts navigator
|
251a1 ལག་བརྒྱད་པ་སྟོན་པ་དང་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོན་པར་མཛད་པ་དང་།དབང་བཅུ་སྒྲུབ་པ་དང་།ས་བཅུ་ལ་གནས་པར་མཛད་པ་དང་།སྟོབས
251a2 བཅུ་ཡོངས་སུ་རྫོགས་པར་མཛད་པ་དང་།ཟད་པར་གྱི་སྐྱེ་མཆེད་བཅུས་མཛེས་པར་བྱས་པ་དང་།ཤེས་པ་བཅུ་སྒྲུབ་པ་དང་།བག་ལ་ཉལ་བ་བཅུའི་དགྲ་འཇིགས་པར་མཛད་པ་དང་།བསམ
251a3 གཏན་རྣམས་བསྒྲུབ་པར་མཛད་པ་དང་།གཟུགས་མེད་པོའི་ཁམས་ལས་ཡང་དག་པར་འདྲའ་བར་མཛད་པ་དང་།ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་དང་།ཤེས་པ་ཐཾད
251a4 མཛད་པ་དང་།ནང་སྟོང་པ་ཉིད་དང་།ཕྱི་སྟོང་པ་ཉིད་དང་།ཕྱིནང་སྟོང་པ་ཉིད་དང་།སྟོང་པ་ཉིད་སྟོང་པ་ཉིད་དང་།ཆེན་པོ་སྟོང་པ་ཉིད་དང་།དོན་དམ་པ་སྟོང་པ་ཉིད་དང་།འདུས་བྱས་སྟོང་པ་ཉིད་དང་།
251a5 འདུས་མ་བྱས་སྟོང་པ་ཉིད་དང་།མཐའ་ལས་འདས་པ་སྟོང་པ་ཉིད་དང་།ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་།དོར་བ་མེད་པ་སྟོང་པ་ཉིད་དང་།རང་བཞིན་སྟོང་པ་ཉིད་དང་།ཆོས་ཐམས་ཅད་སྟོང་།
251a6 པ་ཉིད་དང་།རང་གི་མཚན་ཉིད་སྟོང་པ་ཉིད་དང་།མི་དམིགས་པ་སྟོང་པ་ཉིད་དང་།དངོས་པོ་མེད་པ་སྟོང་པ་ཉིད་དང་།ངོ་བོ་ཉིད་སྟོང་པ་ཉིད་དང་།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་།
251a7 བྱུང་བ་དང་།མ་སྐྱེས་པ་དང་།མ་འགགས་པ་དང་།ཆད་པ་མེད་པ་དང་།རྟག་པ་མེད་པ་དང་།དོན་གཅིག་པ་མ་ཡིན་པ་དང་།དོན་ཐ་དད་པ་ཡིན་པ་དང་།འོང་བ་མེད་པ་དང་།འགྲོ་མེད་པ།
iiif viewer powered by OpenSeadragon
250b - 251b