| | e-texts navigator
|
250a1 རྒྱ་གར་སྐད་དུ།ཨཱརྱཱཔྱཱ་ཛྙཱ་པཱ་ར་མི་ཏཱ་ནཱ་མ་ཨཥྚ་ཤ་ཏཱ་ཀཱན།བོད་སྐད་དུ།འབཟླས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ།བཅོམ་ལྡན་འདས
250a2 མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལོ།།འདས་དང་མི་བྱོན་ད་ལྟར་གྱི།།རྒྱལ་བ་གང་ལགས་དེ་ཀུན་གྱི།།ཡུམ་ནི་དགེ་མ་ཁྱོད་ལགས་ཏེ།།ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས།།རང་བཞིན
250a3 མེད་པའི་རང་བཞིན་ནན།སངས་རྒྱས་ཡུམ་གྱུར་དེའི་མཚན།།དགེ་བ་བདག་གིས་བརྗོད་པར་བགྱི།།འབྱོར་པར་འདོད་པས་མཉན་པར་གྱིས།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།ཐམས་ཅད་མ་བྱ།།
250a4 པ་ཉིད་དང་།ལམ་གྱིས་རྣམ་པ་མཁྱེན་པ་ཉིད་དང་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་།ཡང་དག་པའི་མཐའ་དང་།དེ་བཞིན་ཉིད་དང་།མ་ནོར་བ་དེ་བཞིན་ཉིད་དང་།གཞན་མ་ཡིན་པ་དེ་བཞིན
250a5 ཉིད་དང་།བདེན་པ་དང་།དེ་ཁོ་ན་དང་།ཡང་དག་པ་དང་།ཕྱིན་ཅི་མ་ལོག་པ་ཉིད་དང་།སྟོང་པ་ཉིད་དང་།མཚན་མ་མེད་པ་དང་།སྨྱོན་པ་མེད་པ་དང་།དངོས་པོ་མེད་པ་ཉིད་དང་།ངོ་བོ་ཉིད་དང་།།
250a6 དངོས་པོ་མེད་པའི་ངོ་བོ་ཉིད་དང་།ཆོས་ཉིད་དང་།ཆོས་ཀྱི་དབྱིངས་དང་ཆོས་གནས་པ་ཉིད་དང་།ཆོས་མི་འགྱུར་བ་ཉིད་དང་།ཆོས་སྐྱོན་མེད་པ་ཉིད་དང་།ཆོས་ཀྱི་མཚན་ཉིད་དང་།ཆོས་པ
250a7 མེད་པ་ཉིད་དང་ངོ་བོ་ཉིད་མེད་པ་ཉིད་དང་སེམས་ཅན་མེད་པ་ཉིད་དང་།སྲོག་མེད་པ་ཉིད་དང་།གསོ་བ་མེད་པ་ཉིད་དང་།སྐྱེས་བུ་མེད་པ་ཉིད་དང་།གང་ཟག་མེད་པ་ཉིད་དང་།བརྗོད་པར་བྱ་བ་དང་།།།
iiif viewer powered by OpenSeadragon
249 - 250b