e-texts navigator
Collection
Volume
Page
Wylie

206a1 ཁྱིམ་འདྲིས་བྱེད་ལྡན་ཞིང་།།ཆོས་བཏང་ནས་ནི་ཆོས་མིན་བྱ་བ་སྤྱོད་འགྱུར་བ།།ལམ་བོར་ལམ་གོལ་འགྲོ་བ་འདི་ནི་བདུད་ཀྱི་ལས།།གང་དག་དེའི་ཚེ་ན་འདུན་ཅིང་དད་གྱུར་ནས།།ཆོས་ཀྱི
206a2 དམ་པ་འདི་ནི་ཉན་དུ་སོང་བ་ལོས།།དེ་དག་གིས་ནི་ཆོས་སྨྲ་བྱ་བ་ལྡན་རིག་ནས།།དགའ་བ་མེད་ཅིང་ཡིད་མི་བདེ་བར་གྱུར་ནས་འགྲོ།།དེའི་ཚེ་ན་བདུད་ཀྱི་ལས་འདི་འབྱུང་བར་འགྱུར།།དེ་ཚེ་གང་དག་གི།
206a3 ནི་དགེ་སློང་མང་དཀྲུགས་ནས།།ཤེས་རབ་ཕ་རོལ་ཕྱིན་འདི་འཛིན་པར་མི་འགྱུར་བའི།།བར་དུ་གཅོད་པ་རྣམ་མང་གཞན་ཡང་འབྱུང་བར་འགྱུར།།རིན་ཆེན་རིན་ཏེང་མེད་པ་རྙེད་གྱུར་གང་དག་ཡིན།།དེ་དག་དཀོན་ལ།
206a4 ངས་རྣམས་རྟག་ཏུ་འཚེ་བའང་མེང་།།དེ་བཞིན་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་མཆོག།རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་ཚ་བའང་མང་།།ཐེག་པ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ།།གང
206a5 ཁྲག་དཀོན་པའི་རིན་ཆེན་འདི་ནི་མ་རྙེད་ན།།དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བོར་འགྱུར།།ཕྱོགས་བཅུའི་སངས་རྒྱས་དེ་དག་ཡོངསུ་འཛིན་ལ་སྦྱོར།།མ་ཞིག་ནི་བར་གྱུར་ལ་བུ་ནི་མང་ཡོད་པ།།དེ་ཀུན་ཡི།
206a6 མི་བདེ་ཞིང་དེ་ལ་རིམ་གྲོར་བྱེད།།དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང་།།ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དེ་གོངས་པ་མཛད།།གང་དག་འདས་དང་ཕྱོགས་བཅུའི་འདི
206a7 མགོན་གང་དང་།།མ་འོངས་དུས་ན་འབྱུང་འགྱུར་དེ་དག་འདི་ལས་འབྱུང་།།འཇིག་རྟེན་སྟོན་པ་རྒྱལ་བ་རྣམས་ཀྱི་སྐྱེང་བྱེད་ཡུམ།།སེམས་ཅན་གཞན་དང་སེམས་ཀྱི་སྤྱོད་པ་སྟོན་པར་བྱེད།།འཇིག་རྟེན་དེ་བཞི




iiif viewer powered by OpenSeadragon

205b - 206b

Texts on this page

N17 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa