e-texts navigator
Collection
Volume
Page
Wylie

204a1 སྟེ།།དེ་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན།།བྱང་ཆུབ་སེམས་དཔའ་གང་ཞིག་སྔོན་ཆད་སྤྱོད་པའི་ཚེ།།ཕ་རོལ་ཕྱིན་འདིར་སྤྱོད་པ་མཁས་པས་སོམ།།
204a2 ཉི་མེད།།ཐོས་མ་ཐག་ཏུ་དེ་ནི་སྟོན་པའི་འདུ་ཤེས་སྐྱེད།།དེས་ན་བྱང་ཆུབ་ཞི་བ་མྱུར་དུ་རྟོགས་པར་འགྱུར།།སྔོན་ཆད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང་།།རྒྱལ་བའི་ཤེས
204a3 རབ་ཕ་རོལ་ཕྱིན་ལ་མ་དད་ན།།ཐོས་ནས་བློ་ཆུང་དེས་ཡིས་འདི་ནི་སྤོང་བྱེད་དེ།།སྤངས་ནས་སྐྱབས་མེང་གྱུར་པ་དེ་ནི་མནར་མེད་འགྲོ།།དེ་ལྟ་བས་ན་གོལ་ཏེ་སངས་རྒྱས་ཡེ་ཤེས
204a4 མཆོག།རེག་པར་འདོད་ན་རྒྱལ་བའི་ཡུམ་འདིར་དད་པར་གྱིས།།དཔེར་ན་ཚོང་པ་རིན་ཆེན་གློང་དུ་སོང་ནས་ནི།།ཟོང་ཟད་སླར་ལོག་ལྟ་བུར་གྱུར་ན་མི་རུང་ངོ་།།གཟུགས་ཀྱི་དག་པ།།
204a5 འབྲས་བུ་དག་པར་རིག་པར་བྱ།།འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་གསུངས།།ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ།།ན་མཁའི་ཁམ།།།
204a6 དང་མཚུངས་ཏེ་དབྱེར་མེད་གཅད་དུ་མེད།།དཔའ་བ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡས།།ཁམས་གསུམ་ཡང་དག་འདས་ལ་རྣམ་པར་གྲོལ་བའང་མིན།།ཉོན་མོངས
204a7 བསལ་བར་གྱུར་ཀྱང་སྐྱེ་བ་སྟན་པར་བྱེད།།རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན།།འགྲོ་བ་འདི་དག་མིང་དང་གཟུགས་ཀྱི་འཇམ་ལ་ཆགས།།རླུང་གི་འཁོར་ལོ་ལྟ་བུའི་འཁོར




iiif viewer powered by OpenSeadragon

203b - 204b

Texts on this page

N17 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa