e-texts navigator
Collection
Volume
Page
Wylie

203b1 དཀོར་པོའི་ཆོས་ལ་དམིགས་པ་འངད་འདྲར་རྒྱལ་བས་བསྲུངས།།དེ་ལྟས་འདི་ལྟར་ཡོངསུ་བསྔོ་བ་བསླབ་བྱ་སྟེ།།ཇི་ལྟར་རྒྱལ་བ་དེ་དག་དགེ་བོ་དེ་མཁྱེན་པ།།རྣམ་པ་གང་ཡིན་འབྱུང་གང་ཆུ།
203b2 ཉིད་ཡིན་ལ།།རྗེསུ་ཡི་རང་དེ་ལྟར་དེ་ལྟར་ཡེངསུ་བསྔོ།།དེ་ལྟར་བསོད་ནམས་བྱང་ཆུབ་ཡོངསུ་བསྔོ་བྱེད་ནི།།དུག་མེད་སངས་རྒྱས་མི་སྤོང་རྒྱལ་བས་གསུངས་པ་སྨྲ།།དེ་ལྟར་ཡོངས་སྔོ
203b3 དཔའ་བོ་འཇིག་རྟེན་དམིགས་ཅན་གྱིས།།བྱང་ཆུབ་སེམས་དཔའ་ཇི་སྙེད་ཐམས་ཅད་ཟིལ་གྱི་ནོན།།དམུས་ལོང་དམིགས་དུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས།།ལམ་ཡང་མི་ཤེས་གྲོང
203b4 ཁྱེར་འཇུག་པར་ག་ལ་འགྱུར།།ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ནི།།དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན།།གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ།།
203b5 དེ་ཚེ་མིག་རྙེད་གྱུར་ཅིང་འདིའི་མིང་ཐོབ་བོ།།དཔེར་ན་རི་མོའི་ལས་ནི་ཡོངས་ཟིན་མིག་མེད་པ།།ཇི་སྲིད་མིག་མ་བྲིས་པར་རྔོན་པ་མི་ཐོབ་བཞིན།།གང་ཚེ་འདུས་བྱས་འདུས་མི་བྱས་དང
203b6 དཀར་ནག་ཆོས།།ཤེས་རབ་རྣམ་པར་གཤིགས་ནས་རྡུལ་ཙམ་མི་དམིགས་ཚེ།།འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ།།ན་མཁའ་གང་ལའང་ཅུང་ཟད་མི་གནས
203b7 དེ་དང་འདྲ།།གལ་ཏེ་བདག་ནི་རྒྱལ་བའི་ཤེས་རབ་སྤྱོད་བྱ་ཞིང་།།སེམས་ཅན་སྡུག་བསྔལ་རེག་པ་ཁྲག་ཁྲིག་མང་དགྲོལ་སེམས།།སེམས་ཅན་འདུ་ཤེས་ཡོངས་རྟགས་བྱང་ཆུབ་སེཾ




iiif viewer powered by OpenSeadragon

203a - 204a

Texts on this page

N17 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa