e-texts navigator
Collection
Volume
Page
Wylie

202b1 ལོ་འབྱུང་འཇོག་ཉོན་ཡོད་མེད་ན།།འབྲས་དྲུབ་རྒྱ་བྱིན་ཚངས་པཉན་ཐོས་ག་པཱ་འབྱུང་།།ཉི་མའི་དཀྱི་འཁོར་གང་ཚེ་འོད་ཀྱི་དྲ་བ་བརྗོད།།དེ་ཚེ་སེམས་ཅན་ལས་བྱེད་བརྩོན་པ་དེ་བཞིན་དུ།།
202b2 མཁས་པའི་ཤེས་ཕྱིར་འཇིག་རྟེན་བྱང་ཆུབ་སེམས་བྱུང་ན།།ཡེ་ཤེས་ཀྱིས་ནི་སེམས་ཅན་ཡོན་ཏན་ཆོས་དང་ལྡན།།དཔེར་ན་མ་དྲོས་པའི་ཀླུ་བདག་མེད་གྱུར་ན།།འཛམ་བུའི་གླིང་འདིར
202b3 ཀླུང་འབ་བག་ལ་འགྱུར།།ཆུ་ཀླུང་མུ་ན་མེ་ཏོག་འབྲས་བུ་འབྱུང་མི་འགྱུར།།རྒྱ་མཚོ་ལ་ཡང་རིན་ཆེན་གཟུགས་མང་མེད་པར་འགྱུར།།དེ་བཞིན་འདྲིར་ཡང་བྱང་ཆུབ་སེམས་མེང
202b4 བདེར་གཤེགས་ཀྱི།ཡེ་ཤེས་འཇིག་རྟེན་འདི་དག་ཀུན་ཀྱང་ག་ལ་འབྱུང་།།ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད།།རྒྱ་མཚོ་འདྲུ་བའི་སངས་རྒྱས་ཆོས་ཀྱང་མེད
202b5 པར་འགྱུར།།འཇིག་རྟེན་འདི་ན་སྣང་བྱེད་སྲོག་ཆགས་ཇི་སྙེད་པ།།ཀུན་གྱིས་སྣང་བར་བྱ་ཕྱིར་འོད་རྣམས་བྱུང་བ་བསོ།།ཉི་མའི་དཀྱིལ་འཁོར་འོད་ཟེར་གཅིག་ཕྱུང་ཅེས་མཆོག་སྟེ།
202b6 སྣང་བྱེད་ཚོགས་ཀྱི་འོད་རྣམས་ཀུ་ནི་གྱོས་ཆར་མི་ཕོད།།ཉན་ཐོས་ཚེགས་རྣམས་ཇི་སྙེད་སྦྱིན་དང་ཚུལ་ཁྲིམས་དང་།།བསྒོམ་དང་རབ་ཏུ་ལྡན་པའི་བསོད་ནམས་ཚོགས
202b7 བསྐྱེད་པ་འམ།།བྱང་ཆུབ་སེམས་དཔའི་རྗེསུ་ཡི་རང་སེམས་གཅིག་ལ།།ཉན་ཐོས་ཚོགས་རྣམས་བསོད་ནམས་ཕུང་པོས་ཆར་མི་ཕོང་།།འདས་དུས་སྔོན་གྱི་སངས་རྒྱས་བྱེ།།




iiif viewer powered by OpenSeadragon

202a - 203a

Texts on this page

N17 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa