| | e-texts navigator
|
201a1 སྤྲོས་རབ་དང་།།བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་ལ།།གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ།།བདེ་བར་གཤག།
201a2 བའི་ཡུམ་འདི་གླེགས་བཾ་ལ་བྲིས་ཏེ།།འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་འགྱུར་ན།།མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད།།རྒྱལ་བའི་ཤེས་རབ་ཕ་རོལ
201a3 བྱིན་འདི་རིག་སྔགས་ཆེ།།སེམས་ཅན་ཁམས་མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད།།གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན།།རིག་སྔགས་འདི་བསླབས་སྨན
201a4 པོའི་རྒྱལ་པོ་བླ་མེད་འགྱུར།།གང་དག་ཕན་དང་སྙིང་རྗེར་བཅས་པའི་སྤྱད་སྤྱོད་པ།།རིག་སྔགས་འདི་ལ་བསླབས་ནས་མཁས་པ་བྱང་ཆུབ་རེག།འདུས་བྱས་བདེ་དང་འདུས་མ་བྱས
201a5 བདེ་གང་ཡིན་པ།།བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིག་པར་བྱ།།ས་བོན་བཏབ་ནས་ས་ལ་གནས་ཏེ་འབྱུང་འགྱུར་བ།།ཚོགས་པ་རྙེད་ནས་རྣམ་མང་གཟུགས་དག་རྣམ་པར་སྐྱོ།།
201a6 ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ།།དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེ།།འཁོར་ལོ་བསྒྱུར་རྒྱལ་ལམ་གང་ནས་ནི་རྟག་འགྲོ་བ།།ལམ་དེ་ཉིད་ནས་རིན་ཆེན
201a7 བདུན་དང་དཔུང་ཚོགས་ཀུན།།གང་ནས་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་འགྲོ།།དེ་ཉིད་ནས་ནི་ཡོན་ཏན་ཆོས་ཀུ་ན་འགྲོ་བར་འགྱུར།།རྒྱལ་བས་བརྒྱ་བྱིན་དྲི་བ་ཡོངས་དྲི་བ་ལན
iiif viewer powered by OpenSeadragon
200b - 201b