| | e-texts navigator
|
200b1 མོད།།འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་ཡོངསུ་བསྒྲགས།།འདུ་ཤེས་རྣམ་པར་བཤོགས་ནས་སྤོང་བ་ཕ་རོལ་འགྲོ།།གང་དག་འདུ་ཤེས་བྲལ་བ་འདི་ནི་རྗེས་ཐོབ་པ།།ད
200b2 དག་ཕ་རོལ་ཕྱིན་ནས་སྟོན་པའི་བཀའ་ལ་གནས།།གྲལ་ཏེ་སྟོན་པས་ཀྱང་ནི་གང་གཱའི་བྱེ་སྙེད་ཀྱི།།སྐལ་པར་ཞུགས་ཏེ་སེམས་ཅན་ཞེས་སྒྲ་ཡོངས་བསྒྲགས་ཀྱང་།།བཟོད་ནས
200b3 དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར།།འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན།།གང་ཚད་ནི་ཕ་རོལ་ཕྱིན་པའི་མཆོག་འདི་དང་།།མཐུན་པར་སྨྲ་གྱུར་དེ་ཚེ་སྔོན་གྱི་སྐྱེས།།
200b4 མཆོག་གིས།།མ་འོངས་པ་ཡི་དུས་ན་སངས་རྒྱས་འགྱུརརོ་ཞེས།།ང་ལུང་བསྟན་པོར་གྱུར་ཅེས་རྒྱལ་བས་དེ་སྐད་གསུང་།།ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ།
200b5 འདི་ནི་གང་ཞིག་གུས་བྱས་འཛིན་དང་ཆུབ་བྱེད་པ།།དེ་ལ་དྲུག་དང་མཚན་དང་མེ་དང་ཆུས་མི་ཚུགསོ།།བདུད་དང་བདུད་ཀྱི་ཕྱོགས་ཀྱིས་ཀླགས་ཀྱང་རྙེད་མི་འགྱུར།།ལྀ་ལས་བདེ
200b6 གཤེགས་ཡོངསུ་མྱ་ངན་འདས་པ་ཡིས།།མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ།།བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གང་གཱ་ཡཱི།།བྱེ་མ་སྙེད་ཀྱིས།།
200b7 བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ།།ཡོངསུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན།།སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས།།ལས་གཞན་མི་བྱེད་ལྷོ་ཡི་མེ་ཏོག
iiif viewer powered by OpenSeadragon
200a - 201a