| | e-texts navigator
|
200a1 དེ་ཀུན་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པ་བསྟན།།གང་ཟག་བཞི་པོ་འདྲི་དག་དེ་ལ་མི་སྐྲག་སྟེ།།རྒྱལ་སྲས་བདེན་ལ་མཁས་དང་ཕྱིར་མི་ལྡོག་པ་དང་།།
200a2 དགྲ་བཅོམ་དྲི་མ་བསལ་ཅིང་སི་རློ་མ་ཉི་སྤངས་པ་དང་།།བཞི་པ་དགེ་བའི་བཤེས་ཀྱིས་ཡོངསུ་ཟིན་པའོ།།བྱང་ཆུབ་སེམས་དཔའ་མཁས་རིག་དེ་ལྟར་སྤྱོད་པ་ནི།།དགྲ་བ
200a3 ས་ལེ་མི་སློབ་རྐྱེན་རྟགས་ས་ལ་མཱིན།།ཐམས་ཅད་མཁྱེན་ཉིད་ཆེད་དུ་སངས་རྒྱས་ཆོས་རྗེས་སློབ།།གང་ཞིག་སློབ་མི་སློབ་ལ་མི་སློབ་དེ་སློབ་ཡིན།།གཟུགས་འཕེལ་ཡོངསུ
200a4 ཉམས་དང་ཡོངསུ་གཟུང་ཕྱིར་མིན།།ཆོས་རྣམས་སྣ་ཚོགས་ཡོངསུ་བཟུང་ཕྱིར་མི་སློབ་པར།།སློབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་འཛིན་ལ།།ངེས
200a5 འབྱུང་གང་ཡིན་འདི་ནཱ་ཡོན་ཏན་དགའ་བའི་སློབ།།གཟུགས་ནི་ཤེས་རབ་མ་ཡོན་གཟུགས་ལ་ཤེས་རབ་མེད།།རྣམ་ཤེས་འདུ་ཤེས་ཚོར་དང་སེམས་པ་འདི་དག་ནི།།
200a6 ཤེས་རབ་མ་ཡིན་འདི་དག་ལ་ཡང་ཤེས་རབ་མེད།།འདི་ནི་ན་མཁའི་ཁམསྣ་དང་མཚུངས་ཏེ་ཐ་དད་མེད།།དམིགས་པ་རྣམས་ཀྱི་རང་བཞིན་དེ་ནི་ཕ་མཐའ་མེད།།
200a7 སེམས་ཅན་རང་བཞིན་གང་ཡིན་དེ་ཡང་ཕ་མཐའ་མེད།།ན་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད་།།འཇིག་རྟེན་མཁྱེན་པའི་ཤེས་རབ་དེ་ཡང་ཕ་མཐའ
iiif viewer powered by OpenSeadragon
199b - 200b