e-texts navigator
Collection
Volume
Page
Wylie

199a1 ཕྱི་མཐའ་དང་།།ད་ལྟར་བྱུང་བ་མི་དམིགས་དུས་གསུམ་དག་པ་སྟེ།།གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད།།འདི་ནི་ཤེས་རབ་ཕ་རོལ་ཕྱིན
199a2 མཆོག་སྤྱོད་པ་ཡིན།།བྱང་ཆུབ་སེམས་མཁས་རིག་པ་གང་གི་དུས་ཀྱི་ཚེ།།སྐྱེ་མེད་རྣམ་པར་བསམས་ཏེ་འདི་ལྟར་སྤྱོད་བྱེད་ཅིང་།།སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས
199a3 ཅན་འདུ་ཤེས་མེད།།འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན།།གལ་ཏེ་སེམས་ཅན་འདུ་ཤེས་སྡུག་བསྔལ་འདུ་ཤེས་བསྐྱེད།།འགྲོ་བ་རྣམས་ཀྱི་དོན་བྱ་སྡུག་བསྔ
199a4 སྤང་སྙམ་སྟེ།།བདག་དང་སེམས་ཅན་ཡོངས་བརྟག་བྱང་ཆུབ་སེམས་དཔའ་སྟེ།།འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན།།བདག་ཅི་འདྲ་བ་དེ་འདྲར་སེམས
199a5 ཅན་ཐམས་ཅད་ཤེས།།སེམས་ཅན་ཐམས་ཅན་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས།།སྐྱེ་བ་མེད་དང་སྐྱེ་བ་གཉི་ཀ་རོ་མི་རྟོག་པ།།འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ
199a6 སྨིན།།འཇིག་རྟེན་དག་ནཱ་ཆོས་མིང་ཇི་སྙེད་ཡོངས་བརྗོད་པ།།ཀུན་ལ་སྐྱེ་བ་དང་ནི་ཡང་དགྲ་འདས་སྤོངས་ན།།ཡེ་ཤེས་འཆི་མེད་དྲི་བ་དེ་ལས་གཞན་མེད་ཐོབ།།
199a7 ཕྱིར་འདི་ནི་ཤེས་རབ་ཕ་རོལ་ཕྱིན་ཅེས་བྱ།།བྱང་ཆུབ་སེམས་དཔེའི་གང་ཞིག་དོགས་མེད་དེ་ལྟར་སྤྱོད།།ཤེས་རབ་ལྡན་ཏོ་མཉམ་ཉིད་གནས་པར་ཤེས་པར་བྱ།།ཆོས




iiif viewer powered by OpenSeadragon

198b - 199b

Texts on this page

N17 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa