| | e-texts navigator
|
197a1 སྟོན་ཅིང་།པ་ཚྭ་ཚིག་སྨྲ་བཅད་པ་འདྲ་བཀའ་སྩལ་ཏོ།།དགའ་དང་གུས་དང་དད་པའི་མཆོག་ནི་ཉེ་རྭ་གཞག་སྟེ།།སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ
197a2 ལས་འདས་པ།།འགྲོ་དོན་མངོན་ཞུགས་ངེས་པའི་ཤེས་རབ་ཕ་རོལ་ཕྱིན།།གང་ལ་དཔའ་རྣམས་སྤྱད་པ་དེ་ནི་མཉན་པར་གྱིས།།འཛམ་བུའི་གླིང་འདྲིར་ཆུ་ཀླུང་ཇི་སྙེད་ཅིག
197a3 འབབ་ཅིང་།།མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ།།མ་དྲོས་གནས་པའི་ཀླུ་དབོང་ཀླུ་བདག་བརྟན་ནས་ཏེ།།དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན།།
197a4 རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆེས་སྐྱོན་དང་།།འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་།།མཆོག་འཕགས་བདེ་བ་བྱེད་དེའིཡེ་འབྲས་ཐོབ་པ།།དེ་དག་ཀུན
197a5 ཀྱོཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ།།ཅི་ཕྱིར་ཞེ་ན་རྒྱལ་བའི་ཆོས་ཚུལ་གླེང་བསྟན་པ།།དེ་ལ་མི་མཆོག་སློབ་མར་གྱུར་པ་སུ་མངོན་བསྲབས་ཞིང་།།མངོན་སུ་མ
197a6 རྫས་ནས་བསླབ་པ་ཇི་བཞིན་སྟོན་བྱེད།།སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན།།གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་།།བྱང་ཆུབ
197a7 སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས།།དེ་སྐད་ཐོས་ནས་རྨོངས་པ་མེད་ཅིང་མི་སྐྲག་པ།།བྱང་ཆུབ་སེམས་དཔའ་དོན་བདེ་ག་ཤེགས་ཤེས་རབ་སྤྱད།།
iiif viewer powered by OpenSeadragon
196b - 197b