e-texts navigator
Collection
Volume
Page
Wylie

196a1 དོན་དང་།རྣམ་པར་འཇིག་པའི་དོན་དང་།དྲི་མ་དང་བཅས་པ་དང་།དྲི་མ་མེད་པའི་དོན་དང་།དོན་གསུམ་གྱིས་མི་རྟག་པ་ཉིད་ཡོངསུ་ཤེས་པར་བྱའོ།།
196a2 རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་མངོན་པར་ཞེན་པའི་དོན་དང་།མཚན་ཉིད་རྣམ་པ་གསུམ་གྱི་དོན་དང་།འབྲེལ་པའི་དོན་དང་།དོན་གསུམ་གྱི་སྡུག་བསྔལ་ཉིད་ཡོངས
196a3 ཤེས་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ལ་མངོན་པར་ཞེན་པའི་དོན་དེ་ང་།མཚན་ཉིད
196a4 རྣམ་པ་གསུམ་གྱི་དོན་དང་།འབྲེལ་བའི་དོན་དང་།དོན་གསུམ་གྱི་སྡུག་བསྔལ་ཉིད་ཡོངསུ་ཤེས་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་དངོས་པོ་མེད་པ
196a5 བདག་མེད་པའི་དོན་དང་།དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་།རང་བཞིན་བདག་མེད་པའི་དོན་དང་།དོན་གསུམ་གྱིས་བདག་མེད་པ་ཉིད་ཡོངསུ་ཤེས་པར་བྱའོ།།རབ་འབྱོར།
196a6 བྱང་ཆུབ་སེམས་དཔས་ཚར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་བདག་མེད་པའི་དོན་དང་།ད་ལྟར་དངོས་པོ་བདག་མེད་པའི
196a7 དོན་དང་།རང་བཞིན་བདག་མེད་པའི་དོན་དང་།དོན་གསུམ་གྱིས་བདག་མེད་པ་ཉིད་ཡོངསུ་ཤེས་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་གཟུགས་དངོསཔ




iiif viewer powered by OpenSeadragon

195b - 196b

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa