e-texts navigator
Collection
Volume
Page
Wylie

195a1 དབུས་རྣམ་པར་ཤེས་པ་ལྟརྣམ་པར་ཤེས་པ་དྨསབམེད་པ་ང་1། དངས་པ་སྣང་པ་ཉིད་དང་།རང་བཞིན་སྣང་བ་ཉིད་དུ།
195a2 དེ་ལྟར་ཡིད་ལ་བྱེད་ཅིང་།རྣམ་པར་ཤེས་པ་ལ་དངོས་པོའི་མཚན་མ་འགགས་ཏེ།དངོས་པོ་མེད་པའི་མཚན་པའི་རྗེས་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ།དེ
195a3 དངོས་པོའི་མཚོན་མའི་རྗེསུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ།དྲངས་པ་མེད་པའི་མཚན་མའི་རྗེསུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ་བར་སྲ་མས་རྩེ་གཅེ།
195a4 ཏུ་བྱེད་པ་འདི་ནི་རབ་འབྱོར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་འཛིན་ཏེ།བྱང་ཆུབ་སེམས་དཔ་པ་དེ་ལྟར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་འཛིན
195a5 ཡོངསུ་ཤེས་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་སྨོན་པ་མེད་པའི་ཏིང་འཛིན་ཡོངསུ་ཤེས་པར་བྱའོ།།རབ་འབྱོར་གཟུགས་ལ་སྨོན་པ་མེད་པ
195a6 ཏིང་འཛིན་གང་ཞེ་ནི།གང་གཟུགས་ལ་སྟོང་པ་ཉིད་དང་།མཚན་མ་མེད་པའི་ཏིང་འཛིན་རྙེས་པས་གཟུགས་ལ་དངོས་པོ་མེད་པའི་མཚན་མ་དང་།མི་མཐུན་པའི་དཔེ
195a7 བ་དང་།དེ་ལྟར་དངོས་པོ་མེད་པའི་མཚན་མཾ་དང་།མི་མཐུན་པའི་དམིགས་པ་དང་།དངོས་པོ་དང་།དངོས་པོ་མེད་པའི་མཚན་མ་དང་།མི་མཐུན་པའི་དམིགས་པ་ལ།




iiif viewer powered by OpenSeadragon

194b - 195b

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa