e-texts navigator
Collection
Volume
Page
Wylie

194b1 །།རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ལྟར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་འཛིན་ཡོངསུ་ཤེས་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མཚན་མ་མེད་པའི་ཏིང
194b2 འཛིན་ཡོང་སུ་ཤེས་པར་བྱའོ།།རབ་འབྱོར་གཟུགས་ལ་མཚན་མ་མེད་པའི་ཏིང་འཛིན་གང་ཞེ་ན།རབ་འབྱོར་གང་བྱང་ཆུབ་སེམས་དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ
194b3 སྟོང་པ་ཉིད་དང་།དེ་ལྟར་དངོས་པོ་སྟོང་པ་ཉིད་དང་།རང་བཞིན་སྟོང་པ་ཉིད་དུ་ཡིད་ལྟ་བྱེད་ཅིང་།གཟུགས་ལ་དངོས་པོའི་མཚན་མ་འགགས་ཏེ།དངོས་པོ་མེད་པའི
194b4 མཚན་མའི་རྗེསུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ།དེ་ལྟར་དདྨོ་པོའི་མཚན་མའི་རྗེསུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ།།དངོས་པོ་དང་དངོས་པོ་མེད་པའི་མཚ
194b5 མའི་རྗེསུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ་བར་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི།རབ་འབྱོར་གཟུགས་ལ་མཚན་མ་མེད་པའི་ཏིང་འཛིན་ཏེ།བྱང་ཆུབ་སེམས་དཔའ
194b6 དེ་ལྟར་གཟུགས་ལ་མཚན་མ་མེད་པའི་ཏིངངེ་འཛིན་ཡོངསུ་ཤེས་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར
194b7 ཤེས་པ་ལ་མཚན་མ་མེད་པའི་ཏིང་འཛིན་ཡོངསུ་ཤེས་པར་བྱའོ།།རབ་འབྱོར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་འཛིན་གང་ཞེ་ན།རབ་འབྱོར་བྱང་ཆུབ་སེམས




iiif viewer powered by OpenSeadragon

194a - 195a

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa