| | e-texts navigator
|
193a1 བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་བརྗོད་པ་མཛད་དོ།།
193a2 ལྷ་དང་།མ་དང་།ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་ཀྱང་ཐོབ་པ་དང་།བཀུར་བསྟི་རྙེད།།སེམས་ཅན་ཚད་མེད་པ་ཡོངསུ་སྨིན་པར་བྱེད།།སངས་རྒྱས་ཀྱི་ཞིང་ཡོང་སུ་དག
193a3 པར་བྱེད་དེ་མྱུར་དུ་ཐན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པ་འི་ཆུང་རྒྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན
193a4 པས་གཟུགས་ལ་མཚན་མ་དང་བཅས་པའི་སྦྱིན་པ་སྒོམ་ན་མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་མི་བྱེད་དེ།།མཚན་མ་མེད་པའི་སྦྱིན་པ་སྒོམ་ནོན་མྱུར་དུ་སྦྱིན།
193a5 པའི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་བྱེད་དོ།།རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་དང་བཅས་པའམ་མཚན་མ་མེད་པའི་སྦྱིན་པ་ཇི་ལྟར་བསྒོ་མེ།།
193a6 ན།རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་གཟུགས་ལ་སྦྱིན་པ་ལ་མོས་ན།མྱོས་པར་བྱ་བའི་སྦྱིན་པའམ།མོས་པའི་སྨིན་པ་དམིགས་ཏེ།བྱང་ཆུབ་སེམས་དཔ
193a7 གཟུགས་ལ་མཚན་མདོང་བཅས་པའི་ཕྱིན་པ་སྒོམ་པར་རིག་པར་བྱར།།རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་པ་སྦྱིན་པ་ལ་མོས་པ་ན།འདི་ལྟ་སྟེ་གཟུགས།
iiif viewer powered by OpenSeadragon
192b - 193b