e-texts navigator
Collection
Volume
Page
Wylie

192b1 ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ལ་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའོ།།དེ་ལྟར་དགེ་བའི་བཤེས་གཉེན་ལ་བརྟེན་པའི་བྱང་ཆུབ
192b2 སེམས་དཔའ་ནི།རྣམ་པར་ཐར་པའི་ཐབས་ཀྱང་ཡོང་སུ་འཛིན་ཅིང་།བསོད་ནམས་མང་པོ་ཡང་རབ་ཏུ་བསྐྱེད་མྱུར་དུ་བླ་ན་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ངེས
192b3 པར་འབྱུང་།།རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པས་བསྟོད་པ་སྣ་ཆེ་གས་ཉེ་བར་བསྒྲུབ་པའི་མཆོད་པ་དང་།འཐོབ་པ་དང་།བཀུར
192b4 བསྟི་ཉེ་བར་བསྒྲུབ་པ་མཆོད་པ་དང་།ནན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང་།མཆོད་པ་དང་།མཆོད་པ་ཆེན་པོ་དང་།མཆོད་པ་རྣམ་པ་ལྔས་གཟུགས་ལ་དེ་བཞིན
192b5 གཤེགས་པ་ལ་མཆོད་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པས་བསྟོད་པ་སྣ་ཚོགས་ཉེ་བར་སྒྲུབ་པའི་མཆོད་པ་དང་།འཐོབ
192b6 པ་དང་།བཀུར་བསྟི་ཉེ་བར་བསྒྲུབ་པའི་མཆོད་པོ་དང་།ནན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང་།མཆོད་པ་དང་།མཆོད་པ་ཆེན་པོ་དང་།མཆོད་པ་རྣམ་པ་ལྔས་ཚོར
192b7 བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ལ་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ།།དེ་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པའི




iiif viewer powered by OpenSeadragon

192a - 193a

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa