e-texts navigator
Collection
Volume
Page
Wylie

192a1 ཏུ་ཕྱིན་པ་ལ་བརྩོན་པས།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ལ་ཚིག་འཕྲུལ་ལྟོས་པའི་དགེ་བའི་བསམ་གཏན
192a2 ལ་བརྟེན་པའི་ཤེས་རབ་དང་།ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོང་མ་ནས་དག་པ་འཇིག་རྟོན་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་།འཇིག་རྟེན་ལས་འོདས་པའི་བསྙེན
192a3 ལ་བརྟེན་པའི་ཤེས་རབ་དང་།ཤེས་རབ་དང་།ཤེས་རབ་ཆེན་པོ་དང་།ཤེས་རབ་རྣམ་པ་ལྔ་བསྒོམ་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ
192a4 བརྟེན་པ་དང་ལྡན་པས་མཉམ་པས་བསྟན་པ་དང་།བསྙེན་བཀུར་བྱ་བ་དང་།ཡོངསུ་སྤྱད་པ་དང་།བསློབ་པའི་ཆོ་ག་དང་།མཐུན་པས་བསྟེན་པ་དང་།ནན་ཏན་གྱིས་མགུ
192a5 བར་བྱས་པས་བསྟེན་པ་དང་བསྟེན་པ་དང་།བསྟེན་པ་ཆེན་པོ་དང་།དགེ་བའི་བཤེས་གཉེན་ལ་བསྟན་པ་རྣམ་པ་ལྔས་གཟུགས་ལ་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའོ།
192a6 རབ་འབྱོར་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་ལྡན་པས་མཉན་པས་བསྟེན་པ་དང་།།བསྙེན་བཀུར་བྱ་བ་དང་།ཡོངསུ་སྤྱད་པ་དང་།བསླབ་པོའི་ཆོ་ག
192a7 བཞིན་དུ་བསྟན་པ་དང་།ནན་ཏན་གྱིས་མགུ་བར་བྱས་པས་བསྟེན་པ་དང་།བསྟེན་པ་དང་།བསྟེན་པ་ཆེན་པོ་དང་།དགེ་བའི་བཤེས་གཉེན་ལ་བསྟེན་པ་རྣམ་པ་ལྔས།།




iiif viewer powered by OpenSeadragon

191b - 192b

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa