| | e-texts navigator
|
191a1 བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ལ་སེམས་ཅན་གནོད་པ་བྱེད་པ་ལ་རྔོ་མི་སྙམ་པའོ།།།
191a2 བཟོད་པ་དང་།སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་།ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་།བཟོད་པ་དང་།བཟོད་པ་ཆེན་པོ་དང་།བཟོད་པ་རྣམ་པ་ལྔ་བསྒོམ་པར་བྱའོ།།
191a3 རབ་འབྱོར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ལུང་མནོད་པ་དང་།ཁ་ཟོན་བྱ་བར་སེམས་པའི་བརྩོན་འགྲུས་དང་།ཉེས་པོ་ཐ~ཾད
191a4 ཡོངསུ་སྤང་བའི་བརྩོན་འགྲུས་དང་།ཡན་ཏན་ཐམས་ཅད་ཡོངསུ་བསྡུ་བའི་བརྩོན་འགྲུས་དང་།བརྩོན་འགྲུས་དང་།བརྩོན་འགྲུས་ཆེན་པོ་དང་།བརྩོན་འགྲུས་རྣམ་པ་ལྔ་བསྒོ
191a5 པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ལ་ལུང་།།
191a6 གནོད་པ་དང་།ཁོ་ཐོན་བྱ་བར་སེམས་དཔའི་བརྩོན་འགྲུས་དང་།ཉེས་པ་ཐམས་ཅད་ཡོངསུ་སྤང་བའི་བརྩོན་འགྲུས་དང་།ཡོན་ཏན་ཐམས་ཅད་ཡོངསུ་བསྡུ་བའི་བརྩོན་འགྲུས།
191a7 དང་།བརྩོན་འགྲུས་དང་།བརྩོན་འགྲུས་ཆེན་པོ་དང་།བརྩོན་འགྲུས་རྣམ་པ་ལྔ་བསྒོམ་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ
iiif viewer powered by OpenSeadragon
190b - 191b