e-texts navigator
Collection
Volume
Page
Wylie

189b1 འདུ་བྱེང་རྣམས་དང་།རྣམ་པར་ཤེས་པ་ལ་མི་སྡུག་པའི་སྙིང་རྗེ་དང་།འདུ་བའི་སྙིང་རྗེ་དང་།འབྲལ་བའི་སྙིང་རྗེ་དང་།སྙིང་རྗེ་དང་།སྙིང་རྗེ་ཆེན་པོ་དང་།སྙིང་རྗེ་རྣམ་པ་ལྔ་བསྒོམ་པར་བྱའོ།།
189b2 རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལྔ་དམ་པའི་ཆོས་ལ་དད་པས་བརླན་པ་དང་།ཕན་འདོགས་པ་དང་།རྗེ་སུ་ཡི་རང་བའི་དགའ་བ་དང་།འཇིག་རྟེན་པ་བདེ་བས་བརླན་པ།
189b3 དང་།ཕན་འདོགས་པ་དང་།རྗེ་སུ་ཡི་རང་བའི་དགའ་བ་དང་།འཇིག་རྟེན་ལས་འདས་པའི་བདེ་བས་བརླན་པ་དང་།ཕན་འདོགས་པ་དང་།རྗེ་སུ་ཡི་རང་བའི་དགའ་བ་དང་།དགའ་བདང་།
189b4 དགའ་བ་ཆེན་པོ་དང་།དགའ་བ་རྣམ་པ་ལ་བསྒོམ་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤིསྡུ་པ་ལ་དུམ
189b5 པའི་ཆོས་ལ་དད་པས་བརླན་པ་དང་།ཕན་འདོགས་པ་དང་།རྗེས་ཡི་རིང་བའི་དགའ་བ་དང་།འཇིག་རྟེན་པས་བདེ་བས་བརླན་པ་དང་།ཕན་འདོགས་པ་དང་།རྗེ་སུ་ཡི་རང་བའི
189b6 དགའ་བ་དང་།འཇིག་རྟེན་ལས་འདས་པའི་བདེ་བས་བརླན་པ་དང་།ཕན་འདོགས་པ་དང་།རྗེ་སུ་ཡི་རང་བའི་དགའ་བ་དང་།དགའ་བ་དང་།དགའ་བ་ཆེན་པོ་དང་།དགའ་བ་རྣམ
189b7 པ་ལྔ་བསྒོམ་པར་བྱའོ།།རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་པ་ལྟ་བ་ངན་པ་དང་།ཀུན་ནས་ཉོན་མོངས་པ་མེད་པའི་རྟུལ་བའི་བཏང་སྙོམས་དང་།ཉེས་པ་ཐམས་ཅད་ལ




iiif viewer powered by OpenSeadragon

189a - 190a

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa