e-texts navigator
Collection
Volume
Page
Wylie

187b1 པ་འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས་ཡང་དག་པར་བསྒྲུབ་སྟེ།དེས་གཟུགས་ལ་འཁྲུབ་པ་དང་།འཁྲུལ་པ་མེད་པའི་ཆོས་སྔ་ནས་ཡང་དག་པར་བསྒྲུབས་པ་ཡིན་ནོ།།དེ་གཟུགས་ལ
187b2 འཁྲུལ་པ་མེད་པའི་ཆོས་དང་།འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒོ་མོ།།སེམས་ཅན་རྣམས་ཀྱང་ཡོངསུ་སྨིན་པར་བྱེད།།
187b3 སངས་རྒྱས་ཀྱི་ཞིང་ཡང་ཡོངསུ་སྤོང་ངོ་།།མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོག་པ་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ།།བྱང་ཆུབ་སེམས་དཔས་གཟུགས་ལ་དེ་ལྟར
187b4 སྟོན་ན་ཡོད་དག་པར་སྟོན་པ་ཡིན་ནོ།།རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག
187b5 པར་འདོད་ཅིང་རྣམ་པར་ཤེས་པ་དེ་ལ་ནང་ནུ་མོས་ནི།རྣམ་པར་ཤེས་པ་ལ་མོས་པར་བྱ་བའི་གཟུགས་དང་།མོས་པའི་གཟུགས་གཉིས་དམིགས་པར་འགྱུར་རོ།།དེ་ལ་བྱང་ཆུབ
187b6 སེམས་དཔའ་མོས་པའི་རྣམ་པར་ཤེས་པ་ལ་མོས་པར་བྱ་བ་ཇི་ལྟ་བ་བཞིན་དུ་སྟོན་ཏམ།།མོས་པར་བྱ་བ་ལ་མེས་པ་ཇི་ལྟ་བ་བཞིན་དུ་སྟོན་ན།རྣམ་པར་ཤེས་པ་ལ་ཡང་དག་པ
187b7 མ་ཡིན་པར་སྟོན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།རབ་འབྱོར་མོས་པར་བྱ་བའི་རྣམ་པར་ཤེས་པ་ལས་མོས་པའི་རྣམ་པར་ཤེས་པའི་མཚན་ཉིད




iiif viewer powered by OpenSeadragon

187a - 188a

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa