| | e-texts navigator
|
187a1 །བཅས་པའི་ལྟ་བའི་མཽ་སྨིག་ས་ཀྱང་ཡང་དག་པར་བྱུང་བ་ནི་མ་གཏོགས།།དེ་བསན་དོན་གཞན་སྤྱང་།།དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔས་མོས་པ་།
187a2 བྱ་བའི་གཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་སྟེ་དེ་འདི་སྙམ་དུ་སེམས།།མོས་པར་བྱ་བའི་གཟུགས་ཡོད་ན་མོས་པའི་གཟུགས་རྙོགས་པར་འགྱུར་གྱི་མེད་ན་ནི་མ་ཡིན་པར་རིག
187a3 ནོས།གཟུགས་ལ་འཁྲུལ་པའི་སེམས་དམིགས་ཏེ།མོས་པའི་གཟུགས་ཀྱི་མོས་པའི་གཟུགས་ཀྱི་འདུ་ཤེས་ཀྱང་རྣམ་པར་འཇིག།དེ་གཟུགས་ཐམས་ཅད་ཀྱི་འདུ་ཤེས་ནིར
187a4 བཤིག་ཅིང་།གཟུགས་གཉིས་ཀྱི་འདུ་ཤེས་ཐམས་ཅད་བཤིག་ནས་གཟུགས་ཐམས་ཅད་མི་དམིགས་སོ།།གཟུགས་ཐམས་ཅད་མི་དམིགས་པས་གཟུགས་ལ་འཁྲུལ
187a5 བར་དམིག་སོ།།གཟུགས་ལ་འཁྲུལ་པར་དམིགས་པས་གཟུགས་ལ་འཁྲུལ་པའི་རྒྱུ་དམིགསོ།།གཟུགས་ལ་འཁྲུལ་པའི་རྒྱུ་དམིགས་པས་གཟུགས་ལ་འཁྲུལ་པ
187a6 མེད་པའི་ཆོས་ཡང་དག་པར་བསྒྲུབ་པ།གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་བསྒྲུབས་པས་གཟུགས་ལ་འཁྲུལ་པ་མེད་པའི་རྒྱུ་དམིགསོ།།གཟུགས་ལ
187a7 འཁྲུལ་པ་མེད་པའི་རྒྱུ་དམིགས་པས་གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སླུའོ།།གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་བསྒྲུབ་པས་གཟུན
iiif viewer powered by OpenSeadragon
186b - 187b