e-texts navigator
Collection
Volume
Page
Wylie

175b1 པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དྭགས།རབ་འབྱོར་གང་ཡང་ཚེ་ར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ཙམ་དང་།འཁྲུལ།
175b2 པ་ཙམ་དུ་ཡང་དག་པར་རྗེ་སུ་མི་མཐོང་བ་དེ་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་དམིགས་སོ།།གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་དམིགས་པ་དེ་རྣམ་པར་ཤེས་པ་ལ་རྣམ
175b3 པར་ཤེས་པར་ལྟ་བར་དམིགསོ།།གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་དམིགས་པ་དེ།རྣམ་པར་ཤེས་པ་ལ་ཐམས་ཅད་དམིགསོ།།གང་རྣམ་པར་ཤེས་པ་ལ་ཐམས
175b4 ཅད་དམིགས་པ་དེ་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགསོ།།གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགསྲ་པ་ན་ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངསུ་གྲུབ་པ་ཡིནོ།།།
175b5 དེ་དམིགས་པ་དེ་ལ་གནས་ན་ཉན་ཐོས་ཀྱི་ཐེག་པའམ།རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན་ཐེག་པ་ཆེན་པོ་ལྟ་སྨོས་ཀྱང་ཅི་དགོས།རབ་འབྱོར་གང་གཟུང
175b6 ལ་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ཙམ་དང་།འཁྲུལ་པ་ཙམ་དུ་ཡང་དག་པར་རྗེ་སུ་མཐོང་བ་དེ་གཟུགས་ལ་གཟུགསུ་མི་དམིགས།།གང་གཟུགས་ལ་གཟུགས་སུ་མེ
175b7 དམིགས་པ་དེ།གཟུགས་ལ་གཟུགསུ་ལྟ་བར་མི་དམིགསོ།།གང་གཟུགས་ལ་གཟུགསུ་ལྟ་བར་མེ་དམིགས་པ་དེ་གང་གཟུགས་ལ་ཐམས་ཅད་མི་དམིགསོ།།གང་གཟུགས་ལ།




iiif viewer powered by OpenSeadragon

175a - 176a

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa