e-texts navigator
Collection
Volume
Page
Wylie

174b1 གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིག་པ་ན་ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོསུ་གྲུབ་པ་ཡི་ནོ།།དེ་དམིགས་པ་དེ་ལ་གནས་ན།ཉན་ཐོས་ཀྱི་ཐེག་པ་དང་།རང་སངས
174b2 རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན།ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས།རབ་འབྱོར་གང་ཡང་གཟུགས་ལ་གཟུགས་ཙམ་དང་།སྡུག་བསྔལ་ཙམ་དུ་ཡང་དག་པར
174b3 རྗེསུ་མཐོང་བ་དེ།གཟུགས་ལ་བདག་ཏུ་མི་དམིགས།།གང་གཟུགས་ལ་བདག་ཏུ་མ་དམིགས་མི་དེ་གཟུགས་ལ་བདག་ཏུ་ལྟ་བར་མི་དམིགསོ།།གང་གཟུགས་ལ་བདག་ཏུ་ལྟོ་བར་མི
174b4 དམིགས་པ་དེ་གཟུགས་ལ་ཐམས་ཅད་མི་དམིགསོ།།གང་གཟུགས་ལ་ཐམས་ཅད་མི་དམིགས་པ་དེ་གཟུགས་ལ་ཐམས་ཅད་དམིགསོ།།གང་གཟུགས་ལ་ཐམས་ཅད་མི་དམིགས་པ་ན།
174b5 ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེའི་ཡོངས་གྲུབ་པ་ཡིན་ནོ།།དེ་མི་དམིགས་པ་དེ་ལ་གནས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་འགྱུར་གྱི་ཐེག་པ
174b6 ཆེན་པོས་ནི་མ་ཡིན།།རབ་འབྱོར་གང་ཡང་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཙམ་དང་སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེསུ
174b7 མཐོང་བ་དེ།རྣམ་པར་ཤེས་པ་ལ་བདག་ཏུ་མི་དམིགས་སོ།།གང་རྣམ་པར་ཤེས་པ་ལ་བདག་ཏུ་མི་དམིགས་པ་དེ་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བར་མི་དམིགས་སོ།།གང་རྣམ




iiif viewer powered by OpenSeadragon

174a - 175a

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa