e-texts navigator
Collection
Volume
Page
Wylie

173b1 རྣམ་པར་ཤེས་པ་ནི་ཡོད།གང་རྣམ་པར་ཤེས་པ་ལ་ཀུན་ནས་ཉན་མོངས་པ་དང་།གནས་པ་དང་།འཇུག་པར་འགྱུར་བའོ།།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ།
173b2 པར་ཤེས་པ་ནི་ཡོད།གང་རྣམ་པར་ཤེས་པ་ལ་རྣམ་པར་བྱང་བ་དང་།འབྱོར་པ་དང་།དབང་དུ་འགྱུར་བའོ།།རབ་འབྱོར་གཟུགས་ནི་ཡོད་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས
173b3 ཤིང་ཡོངསུ་ཤེས་ཏེ་བསྟན་ན་དབང་དུ་འགྱུར་བའོ།།རབ་འབྱོར་གཟུགས་ནི་ཡིད་གང་སྤངས་ཤིང་ཡོངསུ་ཤེས་ཏེ།ཡང་དག་པར་བསྟན་ན་དབང་དུ་འགྱུར་བའོ།།རབ་འབྱོར་གཟུགས་ནི
173b4 ཡོད་གང་སྤངས་ཤིང་ཡོངསུ་ཤེས་པ་ན་ཆོས་དཀར་པོ་དང་ལྡན་པ་དང་།ཆོས་ཐམས་ཅད་ལྔ་དབང་བསྐུར་བ་དང་བདེ་བ་ཆེན་པོ་ལ་གནས་པར་འགྱུར་རོ།།རབ་འབྱོར་ཚོར་བ་དང་།འདུ་ཤེས་དང་།
173b5 འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ནི་ཡོད།གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས་ཤིང་ཡོངསུ་ཤེས་ཏེ་བསྟན་ན་དབང་དུ་འགྱུར་བའོ།།རབ་འབྱོར་ཚོར་བ་དང་།འདུ་ཤེ
173b6 དང་།འད་བྱེད་རྣམས་དང་།རྣམ་པར་ཤེས་པ་ནི་ཡོད་གང་སྤངས་ཤིང་ཡོངས་ཤེས་ཏེ།ཡང་དག་པར་བསྟན་ན་དབང་དུ་འགྱུར་བའོ།།རབ་འབྱོར་ཚོར་བ་དང་།འདུ་ཤེས་དང་།རྗོད
173b7 བྱེད་རྣམས་དང་།རྣམ་པར་ཤེས་པ་ནི་ཡོད།གང་སྤངས་ཤིང་ཡོངསུ་ཤེས་ན་ཆོས་དཀར་པོ་དང་ལྡན་པ་དང་།ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དང་།བདེ་བ་ཆེན་པོ་ལ་གནས




iiif viewer powered by OpenSeadragon

173a - 174a

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa