| | e-texts navigator
|
172b1 ཀྱང་ཕྱི་རོལ་སོ་སོའི་སྐྱེ་བའི་ཕྱོགས་ལ་གནས་པ་སྟེ།ལོག་པར་ལྟ་བའོ་ཞེས་ང་སྨྲའོ།།རབ་འབྱོར་གང་ཡང་གཟུགས་ནི་སྡུག་བསྔལ་བ་སྟེ།རབ་ཏུ་མུ་ཞི་བའོ།།གཟུགས་འགོག་པ་ནི
172b2 བདེ་བ་དང་།ཞི་བའོ་ཞེས་དེ་སྐད་སྨྲ་ན།དེ་ནི་ཕྱི་རོལ་བས་ཀྱང་ཕྱི་རོལ་ཞེས་བྱ་བ་ནས།ལོག་པོར་ལྟ་བའི་བར་ངའོ་ཞེས་ང་སྨྲའོ།།རབ་འབྱོར་གང་ཡང་ཚོར་བ་དང་།འདུ་ཤེས་དང་།འདུ
172b3 བྱེད་རྣམས་དང་།རྣམ་པར་ཤེས་པ་ནི་སྡུག་བསྔལ་བ་སྟེ།རབ་ཏུ་མ་ཞི་བའོ།།རྣམ་པར་ཤེས་པ་འགོག་པ་ནི་བདེ་བ་དང་།ཞི་བའོ་ཞེས་དེ་སྐད་སྨྲ་ན།དེ་ནི་ཕྱི་རོལ་བྱས་ཀྱང་ཕྱི་རོལ་ཞེས་བྱ
172b4 བོ་ནས།ལོག་པར་ལྟ་བའི་བར་དུ་ཞེས་ང་སྨྲའོ།།རབ་འབྱིར་གང་ཡང་གཟུགས་ནི་མེད་པ་ཉིད་དོ།།ཞེས་དེ་སྐད་སྨྲ་ན།དེ་ནི་ཕྱི་རོལ་བས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལྀ་གནས་པ་སྟེ།
172b5 ལོག་པར་ལྟ་བའོ།།ཞེས་ང་སྨྲའོ།།རབ་འབྱོར་གང་ཡོད་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ནི་མེད་པ་ཉིད།།ཞེས་དེ་སྐད་སྨོ་ན།དེ་ནི་ཕྱི་རོལ་ཕྲ
172b6 ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ།ལོག་པར་ལྟ་བའོ་ཞེས་ང་སྨྲའོ།།རབ་འབྱོར་གང་ཡང་བཅོམ་ལྡན་འདས་ཀྱིས།གཟུགས་རང་བཞིན་མེད་པ་དང་།སྐྱེ་བ་མེད་པ་དང་།
172b7 འགག་པ་མེད་པ་དང་།གདོད་མ་ནས་ཞི་བ་དང་།རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པོར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི་ལྡེམ་པོར་དགོངས་པ་མ་ཡོན་པ།དགོངས
iiif viewer powered by OpenSeadragon
172a - 173a