| | e-texts navigator
|
171a1 མངོན་པར་སྒྲུབ་སྟེ།སྒྲིབ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པ་འམ།རང་སྔངས་རྒྱས་ཀྱི་ཐེག་པ་ངེས་པར་འདྲུང་བར་མི་འགྱུར་ན།ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་།
171a2 དགོས།དེ་ལྟར་མངོན་པོར་ཞེན་ཅིང་མངོན་པར་སྒྲུབ་སྟེ།སྒྲིབ་པར་བྱེད་པས་འདི་ལྟ་སྟེ།སེམས་ཅན་དམྱལ་བ་རྣམས་དང་།དུད་འགྲོ་དང་།ཡི་དགས་རྣམས་དང་།ལྕི་དང་མི་རྣམ
171a3 ཀྱི་ནང་དུ་ཡུན་རིང་པོར་རྒ་ཤི་མྱོང་ངོ་།།མཁས་པ་རྣམས་ཀྱིས་ནི་གཟུགས་དེ་དེ་ལྟར་ལེའུ་གསུམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་མངོན་པར་ཞེན་པར་མི་བྱེད་ཅིང་།མངོན
171a4 པར་སྒྲུབ་པར་མི་བྱེད་ཀྱི་གསལ་བར་བྱེད།།མངོན་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི་གསལ་བར་བྱེད་པས་ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན།ཉན་ཐོས
171a5 ཀྱི་ཐེག་པ་འམ།རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས།དེ་ལྟར་མངོན་པར་ཞེན་པོར་མི་བྱེད་ཅིང་མངོན་པར་བསྒྲུབ་པར་མི་བྱེད་ཀྱི་གསལ་བར་བྱེད་པས་འདི་ལྟ་སྟེ།སན
171a6 དམྱལ་བ་རྣམས་དང་།དུད་འགྲོ་དང་།ཡི་དགས་རྣམས་དང་།ལྷ་དང་མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བ་མ་ཡིན་ནོ།།རབ་འབྱོར་དེ་བཞིན་དུ་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད
171a7 རྣམས་དང་།རྣམ་པར་ཤེས་པ་དང་།མིག་དང་།གཟུགས་རྣམས་དང་།མིག་གི་རྣམ་པར་ཤེས་པ་དང་།རྣ་བ་དང་།སྒྲ་རྣམས་དང་།རྣ་བའི་རྣམ་པར་ཤེས་པ་དང་།སྣོ་དང་།
iiif viewer powered by OpenSeadragon
170b - 171b