e-texts navigator
Collection
Volume
Page
Wylie

170b1 ལ་མངོན་པར་ཞེན་ཅིང་མངོན་པར་བསྒྲུབ་སྟེ།སྒྲིབ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པ་འམ།རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན།ཐེག་པ་ཆེན་པོས་ལྟ་སྨོས་ཀྱང
170b2 དགོས།དེ་ལྟར་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ།སྒྲིབ་པར་བྱེད་པས་འདི་ལྟ་སྟེ།སེམས་ཅན་དམྱལ་བ་རྣམས་དང་།དུད་འགྲོ་དང་།ཡི་དྭགས་རྣམས་དང་།ལྷ་རྣམས་དང་།མི
170b3 རྣམས་ཀྱི་ནང་དུ་ཡུན་རིང་པོར་རྒ་ཤི་མྱོང་ངོ་།།རབ་དབྱོར་དེ་བཞིན་དུ་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་དངོས་པོ་མེད་པ་དང་།དངོས་པོ་ངན་པ་དང་།
170b4 དངོས་པོ་ཡོད་པ་དང་།རབ་འབྱོར་མིག་དང་གཟུགས་རྣམས་དང་།མིག་གི་རྣམ་པར་ཤེས་པ་དང་།རྣ་བ་དང་།སྒྲ་རྣམས་དང་།རྣ་བའི་རྣམ་པར་ཤེས་པ་དང་།སྣ་དང་།དྲི་རྣམས་དང་།
170b5 སྣའི་རྣམ་པར་ཤེས་པ་དང་།ལྕེ་དང་།རོ་རྣམས་དང་།ལྕེའི་རྣམ་པར་ཤེས་པ་དང་།ལུས་དང་།རེག་བྱ་རྣམས་དང་།ལུས་ཀྱི་རྣམ་པར་ཤེས་པ་དང་།ཡིད་དང་།ཆོས་རྣམས
170b6 དང་།ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་པ་དང་།དངོས་པོ་ངན་པ་དང་།དངོས་པོ་ཡོད་པར་དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས
170b7 ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས།རྣམ་པར་ཤེས་པ་དེ་ལ་མངོན་པར་ཏ་དོ།།མངོན་པར་བསྒྲུབ་པོ།།སྒྲིབ་པར་བྱེདདོ།།དེ་རྣམ་པར་ཤེས་པ་དེ་ལ་མངོན་པར་ཞེན་ཅིང




iiif viewer powered by OpenSeadragon

170a - 171a

Texts on this page

N16 - 'phags pa shes rab kyi pha rol tu phyin pa lnga brgya pa