| | e-texts navigator
|
170a1 པར་མི་ཏ།བོད་སྐད་དུ།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་ལྔ་བརྒྱ་པ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ།
170a2 དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན།བྱ་རྒོད་ཀྱི་ཕུང་པོའོ་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའི་ཚོགསོ་ཆེན་པོ་དང་།ཐབས་གཅིག་ཏུ་བཞུགས
170a3 ཏེ།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ།རབ་འབྱོར་གཟུགས་ནི་དེ་བླ་མེད་པ་དས་པོ་དྲན་པ་དངོས་པོ་སྟོང་པའོ།།རབ་འབྱོར་ཚོར་བ་དང་།འདུ་ཤེས་དང་།
170a4 འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ནི་དངོས་པོ་མེད་པ་དངོས་པོ་ངན་པ་དངོས་པོ་ཡོད་པའོ།།རབ་འབྱོར་མིག་དང་།གཟུགས་རྣམས་དང་།མིག་གི་རྣམ་པར་ཤེས་པ་དང་།རྣ་བ་དང་།།
170a5 སྒྲ་རྣམས་དང་།རྣ་བའི་རྣམ་པར་ཤེས་པ་དང་།སྣ་དང་།དྲི་རྣམས་དང་།སྣའི་རྣམ་པར་ཤེས་པ་དང་།ལྕེ་དང་།རོ་རྣམས་དང་།ལྕེའི་རྣམ་པར་ཤེས་པ་དང་།ལུས་དང་།རེག་བྱ་རྣམ
170a6 དང་།ལུས་ཀྱི་རྣམ་པར་ཤེས་པ་དང་།ཡིད་དང་།ཆོས་རྣམས་དང་།ཡིད་ཀྱི་རྣམ་པར་ཤེས་པ་ན་དངོས་པོ་མེད་པ་དངོས་པོ་ངན་པ་དངོས་པོ་ཡོད་པའོ།།དེ་ལྟར་གཟུགས་དེ་ལེའུ་གསུམ
170a7 དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཀུན་དུ་རབ་ཏུ་མི་ཤེས་པས།གཟུགས་དེ་ལ་མངོན་པར་ཞེན་ཏོ།།མངོན་པར་བསྒྲུབ་པོ།སྒྲིབ་པར་བྱེད།།དེ་དག་གཟུགས་དེ
iiif viewer powered by OpenSeadragon
169b - 170b