e-texts navigator
Collection
Volume
Page
Wylie

169a1 རིགས་ཀྱི་བུ་མོ་དེ་དག་གིས་བདག་གི་འདི་ནི་ལྷས་བསྐྱབ་པའོ་ཞེས་ཐེ་ཚོམ་མ་མཆིས་པར་འཆོལ་བར་བགྱིའོ།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ།།
169a2 བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཀེའུ་ཤི་ཀ་དི་དེ་བནན་ནོ།།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པར་བལྟའོ།།དེ་དག་བླ་ན་མེད་པ་ཡང
169a3 དག་པོར་རྫོགས་པའི་བྱང་ཆུབ་ཏུ་ཡང་ངེས་པར་ཤེས་པར་བྱའོ།།དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རིགས་ཀྱི་བུ་འམ
169a4 རིགས་ཀྱི་བུ་མོ་དེ་དག་གི་དོན་དུ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབ་ཏུ་གསོལ།བདེ་བར་ག་ཤགས་པ་བྱིན་གྱིས་བརླབ་ཏུ་གསོལ་ཚིག་འདི་སྨྲས་མ་ཐག་ཏུ་དེའི
169a5 ཆོས་སྐད་ཅིག་དེ་ཉིད་ལ་སངས་རྒྱས་ཀྱི་མཐུས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།།ས་ཆེན་པོ་གཡོས་མ་ཐག་ཏུ་དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད།།བཅོམ
169a6 ལྡན་འདས་ཀྱིས་འཛུམ་པ་མཛད་མ་ཐག་ཏུ།དེ་ནས་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པ་ན།སྟོང་གསུམ་གྱི་སྙིང་ཆེན་པོའི་འཇིག
169a7 རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་འདི་ནི་དེ་བཞིན་ག




iiif viewer powered by OpenSeadragon

168b - 169b

Texts on this page

N15 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo