| | e-texts navigator
|
168a1 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མོ་སྟོན་པའི་ཕྱིརརོ།།འཇམ་དཔལ་དགེ་སློང་ངམ།དགེ་སློང་མ་འམ།དགེ་བསྙེན་ནམ།དགེ་བསྙེན་མ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི།
168a2 ལས་ཚིག་བཞི་པའི་ཚིགསུ་བཅད་པོ་ཙམ་ཡང་འཛིན་པ་དང་།ཀུན་ཆུབ་པར་བྱེད་པ་དང་།འཆང་བ་དང་།ཀློག་པ་ནས་ཡང་དག་པར་སྟོན་པའི་བར་དུ་བྱེད་པ་དེ་དག་ཀྱང་ཕྱིར་མི་ལྡོག་པར་ང
168a3 འཆད་ན་གང་དག་དེ་བཞིན་ཉི་དུ་བསྒྲུབ་པ་ལྟ་ཅི་སྨོས་ཏེ།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཆུབ་ཏུ་ངེས་པར་རིག་པར་བྱའོ།།གང་དག་ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ
168a4 སྐྱེས་པ་དང་།དངོས་པོ་མེད་པ་དང་།འབྱུང་བ་མེད་པའི་བར་འདི་ཐོས་ནས་མེ་སྐྲག་མི་དངང་དངང་བར་མི་འགྱུར་བ་དེ་དག་ནི་སངས་རྒྱས་ཀྱི་ཡུལ་གནས་པའོ།།གོང་དུ་ཡང་མོས་པར་བྱེད་ན།དེ་དག།
168a5 ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ངེས་པར་འགྱུརརོ།།འཇམ་དཔལ་སངས་རྒྱས་ཀྱི་གནང་བ་དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པ་དག་བཅོམ་པ་ཐམས་ཅད་ཀྱིས་ཡང་དག་པར
168a6 མནོས་པའི་རྒྱ་འདི་གཞག་པར་བྱ་སྟེ།རྒྱ་འདི་ན་མཉམ་པ་ཉིད་དུ་རྟོགས་པ་རྣམས་ལ་བཞག་གོ།འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཆགས་པ་མེད་པ་ཡོངསུ་བསྟན་པོའོ
168a7 འཇམ་དཔལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྒྱ་འདས་བཏབ་པ་ནི་ངན་སོང་དུ་འགྲོ་བའི་སྐལ་བ་ཅན་མ་ཡིནོ།།ཉན་ཐོས་དང་རང་སངས་རྒྱས་ཀྱི་སར
iiif viewer powered by OpenSeadragon
167b - 168b