e-texts navigator
Collection
Volume
Page
Wylie

167a1 པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ།།ཏིང་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ
167a2 ཀྱིཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།ཏིང་འཛིན་དེ་དག་བྱས་པ་མ་ཡིན་པའི་ཕྱིར།།རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན
167a3 ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བསྒྲུབ་པར་འད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དངོས་པོ་མེད་པའི་ཚུལ་གྱིས་བསླབ
167a4 ཏུའོ།།དེ་ཅིའི་ཕྱིར་ཞེ་ན།འདི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བྱས་པ་མ་ཡིན་པ་དང་།མ་སྐྱེས་པ་དང་དངོས་པོ་མེད་པའི་ཕྱིར།
167a5 ས་ཐམས་ཅད་ནི་ངེས་པར་འབྱུང་བ་དང་བཅས་པ་སྟེ།གང་ངེས་པར་མི་འབྱུང་བའི་ཆོས་དེ་གང་ཡང་མདོ་ཞེས་དེ་ལྟར་ཤེས་པར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཀྱང་ཤོས
167a6 ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དངོས་པོ་མེད་པའི་བར་གྱི་ཚུལ་གྱིས་བསླབ་པར་བྱའོ།།ཆོས་ཐམས་ཅད་ནི་ངེས་པར་མི་འབྱུང་བ་སྟེ།གང་ངེས་པར་འབྱུང་བ་དང་བཅས་པའི་ཆོས
167a7 དེདག་གང་ཡང་མེད་དོ།།དེ་ཅིའི་ཕྱིར་ཞེ་ན།ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར།།ཆོས་དེ་དག་ནི་ཇི་ལྟར་བརྗོད་པ་དེ་ལྟར་ཡོད་པ་མ་ཡིན་ཏེ།བརྗོད་པ་མེད་པ་ནི་ཡོད་པ་མ་ཡིན་ནི




iiif viewer powered by OpenSeadragon

166b - 167b

Texts on this page

N15 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo