e-texts navigator
Collection
Volume
Page
Wylie

166b1 འདི་ལ་གནས་པ་དེ་ལ་སླད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་སྐྱེས་པ་དང་།དངོས་པོ་མ་མཆིས་པ་དང་།མ་བྱུང་བའི་བར་འདི་བསྟན་པར་བགྱིའོ།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན
166b2 འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།འཇམ་དཔལ་ལེག་སོ།།ལེགས།།འཇམ་དཔལ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་པ་ལེག་སོ།།རིགས་ཀྱི
166b3 བུའམ་རིགས་ཀྱི་བུ་མོ་དེ་ལ་ཡང་ཕྱིས་འདི་སྐད་གྱིས་ཤིག།དེ་བཞིན་གཤེགས་པ་ལ་བལྟ་བར་འདོད་ན།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་སྒོམ་པའི་ཚུལ་གྱིས་སྒོམ་པར་བྱའོ།།
166b4 དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབས་པར་བྱའོ།།
166b5 དེ་བཞིན་གཤེགས་པ་ནི་བདག་གི་སྟོན་པོའོ་ཞེས་སྨྲ་བར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསློབ་པར
166b6 བྱའོ།།བླ་ན་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ
166b7 མངོན་པར་འདུ་བྱ་བ་མེད་པའི་ཚུལ་གྱིས་བསླབ་པར་བྱའོ།།ཏིང་འཛིན་ཐམས་ཅད་ལ་མཁས་པ་བསྒྲུབ་པར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན




iiif viewer powered by OpenSeadragon

166a - 167a

Texts on this page

N15 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo