| | e-texts navigator
|
166a1 ཡིད་མ་གཛོད་ཅིག།མཉན་ཏཱི་སྙམ་དུ་སེམས་མ་སྐྱེད་ཅིག།ཀྱོ་སྐྱེས་བུ་སྒྱུ་མའི་སྐྱེས་བུའི་ཤེས་རབ་ནི་འདྲ་བ་དེ་ལྟ་བུའི་ཤེས་རབ་བསྐྱེད་ཅིག།དེ་ལྟ་བུས་ཆོས་བསྟན་པ།།
166a2 འདི་ཤེས་པར་ནུས།།ཀྱེ་སྐྱེས་བུ་གལ་ཏེ་ཁྱོད་ཀྱིས་ཆོས་བསྟན་པ་འོད་མཉན་པར་འདོད་ན།དེའི་ཕྱིར་འདི་ལྟར་འདི་ལྟ་སྟེ་དཔེར་ན་ན་མཁའ་ལ་བྱིའི་རྗེས་ལྟ་བུར་གནས་པར་གྱིས་ཤིག།
166a3 དེ་ལྟ་བུས་ཆོས་བསྟན་པ་འདི་མཉན་པར་ནུས།།ཀྱེ་སྐྱེས་བུ་གལ་ཏེ་ཁྱོད་ཀྱི་ཆོས་བསྟན་པ་འདི་མཉན་པར་འདོད་ན་དེའི་ཕྱིར་གཉིས་ལ་མ་དམིགས་ཤིག།མི་གཉིས་པ་ལ་ཡང་མ
166a4 དམིགས་ཤིག།དེ་ཅིའི་ཕྱིར་ཞེ་ན།འདི་ལ་གཉིསུ་བརྗོད་པར་བྱ་བ་ཡོངསུ་བརྗོད་པ་འམ།མི་གཉིས་པར་བརྗོད་པར་བྱ་བ་གང་ཡང་མེད་པའི་ཕྱིར།།གལ་ཏེ་ཆོས་སྟོན་པ་འདི
166a5 ཉན་པར་འདོད་ན་བདག་ཏུ་འདུ་ཤེས་པ་རྣམས་ཀྱང་མ་གཞིག་ཤི་གོ།ལྟ་བར་གྱུར་པ་རྣམས་ལས་ཀྱང་མ་འདའ་ཤིག།སངས་རྒྱས་ཀྱི་ཆོས་རྣམས་ལ་ལྷག་པར་མ་དམིགས་ཤིག།
166a6 སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་བསྐྱོད་ཅིག་ཅེས་བརྗོད་པར་བགྱིའོ།།བཅོམ་ལྡན་འདས་གང་ཞིག་བདག་ལ་ཉན་པར་འཚལ་ཏེ་འདྲི་ན་དེ་ལ་བདག་གིས་དེ་སྐད་བརྗོད་པ་བགྱིའོ།།
166a7 དསྐད་རྗེ་སུ་བསྟེན་པར་བགྱིའོ།།འདི་ལྟར་འོད་ལ་གཞག་པར་བགྱིའོ།།གལ་ཏེ་འདྲི་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལྟར་གནས་ཤིང་།དེ་ལྟར་ཞུགས་ན་སྤོབས་པའི་ཕྱག
iiif viewer powered by OpenSeadragon
165b - 166b