e-texts navigator
Collection
Volume
Page
Wylie

138a1 པོ་རྣམས་ཀྱི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པར་བལྟ་བར་བགྱིའོ།།བཅོམ་ལྡན་འདས་གཞན་ཡང་བསྒོམ་པ་གང་ལ་རྟེན་ནས་མཐོང་བ་མ་མཆིས་པར་ཆོས་ཐམས་ཅད།།
138a2 སངས་རྒྱས་ཀྱི་ཆོ་སུ་མཐོང་བ་དང་།ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཆོསུ་མཐོང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།རིགས་ཀྱི་བུའམ་རིགས་ཀྱི་བུ།
138a3 མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མི་སྒྲོག་མི་དངང་དངང་བར་མི་འགྱུར་བ་དེ་དག་སང་པོ་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བ་མེད་པར་འགྱུར།།
138a4 བཅོམ་ལྡན་འདས་གཞན་ཡང་གང་ཀུན་ནས་ཉོན་མོངས་པ་འམ།།རྣམ་པར་བྱང་བའི་ཆོས་གང་ཡང་ཡང་དག་པར་རྗེ་སུ་མ་མཐོང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པོ་ལགས
138a5 ཏེ།བཅོམ་ལྡན་འདས་དེ་ལྟར་བསྒོམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་སོ་སོའི་སྐྱེ་བོ་དང་།
138a6 ཉན་ཐོས་དང་།རང་སངས་རྒྱས་དང་།ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ཡང་ཐ་དད་དུ་མི་བགྱིད་པ་སྟེ།བཅོམ་ལྡན་འདས་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ།
138a7 པ་ལགས།།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞན་ནུར་གྱུར་པ་ལ་བཀའ་སྩལ་པ།འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་གཅིག་ལྷ་བསྙེན




iiif viewer powered by OpenSeadragon

137b - 138b

Texts on this page

N15 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo