e-texts navigator
Collection
Volume
Page
Wylie

137b1 ལྡན་འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་སྤོབས་པར་གྱིས་ཤིག།འཇམ་དཔལ་གྱིས་གསོལ་པ།བཅོམ་ལྡན་འདས་གྲང་མོས་གང་གི་གནས་པ་མི་དམིགས་པ་དང་།ཡི་གནས་པ་ཡང་།།
137b2 མཱི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།དེ་ཅིའི་སླད་ཞེ་ན།ཆོས་ཐམས་ཅད་ནི་མི་གནས་པའི་སླདུ་མི་དམིགས་པ་སྟེ།བཅོམ་ལྡན་འདས་གང་ལ་ཡང་ལྷག་པར
137b3 དམིགས་པའི་སླདུ་ཉེ་བར་མི་གནས་པ་དོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བློསྒོམ་པར་རིག་པར་བགྱིའོ།།དེ་ཅིའི་སླད་དུ་ཞེ་ན།བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་དམིགས་པ་མ་མཆེ
137b4 པའི་སླད་དུ་སྟེ་བཅོམ་ལྡན་འདས་དེ་ལྟར་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།བཅོམ་ལྡན་འདས་གཞན་ཡང་གང་ལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མངོན་དུ་མི་འགྱུར
137b5 ན།སངས་རྒྱས་ཀྱི་ཆོས་རྣམས་ལྟ་སྨོས་ཀྱང་ཅི་འཚལ།ཉན་ཐོས་ཀྱི་ཆོས་རྣམས་ཀྱང་མངོན་དུ་མི་འགྱུར་ན།སོ་སོའི་སྐྱེ་བའི་ཆོས་རྣམས་ལྟ་སྨོས་ཀྱང་ཅི་འཚལ་བ་དེ་ཤེས་རབ་ཀྱི་ཕ་རོ
137b6 ཏུ་ཕྱིན་པ་བསྒོམ་པར་བལྟ་བར་བགྱིའོ།།བཅོམ་ལྡན་འདས་གཞན་ཡང་སྒོམ་པ་གང་ལ་རྟེན་ནས་སངས་རྒྱས་ཀྱི་ཆོས་རྣམས་བསམ་གྱིས་མི་ཁྱབ་པ་ལ་ཡང་སངས་རྒྱས་ཀྱི་ཆོས་རྣམས་བསམ
137b7 གྱོས་མི་ཁྱབ་པོ་ཞེས་རྣམ་པར་མི་རྟོག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་བྱང་ཆུབ་སེམས་དཔའ་སེ་དེའི་ཚེ




iiif viewer powered by OpenSeadragon

137a - 138a

Texts on this page

N15 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo